
ཨུ་རུ་སིའི་སྨྱན་བྱད་ཀྱིས་ཚེས5ཉིན་བསྒྲགས་པ་ལྟར་ན། ཨུ་རུ་སིའི་ཙུང་ལི་མུས་ཧྲུའུ་སི་ཅིང་གིས་ཉིན་དེར་བཀའ་རྒྱ་བཀོད་དེ། ཨུ་རུ་སི་ཡིས་ཁཱ་ནཱ་ཏཱ་དང་ཧྥ་རན་སི། ཕུའུ་ཐའོ་ཡཱ་བཅས་བར་གྱི་དམག་དོན་མཉམ་ལས་གྲོས་མཐུན་སྐོར་ཞིག་མཚམས་བཞག་པ་རེད།
བཀའ་རྒྱ་དེ་ལས་བཤད་རྒྱུར། 1989ལོའི་ཟླ11པའི་ཚེས20ཉིན་མའོ་སི་ཁོ་ནས་བཀོད་པའི་སུའུ་ལེན་སྲིད་གཞུང་དང་ཁཱ་ནཱ་ཏཱའི་སྲིད་གཞུང་གི་དམག་དོན་གྱི་ཕན་ཚུན་འཚམས་འདྲི་སྐོར་གྱི་གྲོས་མཐུན་དང་། 1994ལོའི་ཟླ2པའི་ཚེས4ཉིན་མའོ་སི་ཁོ་ནས་བཀོད་པའི་ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་དང་ཧྥ་རན་སིའི་སྲིད་གཞུང་བར་གྱི་རྒྱལ་སྲུང་མཉམ་ལས་གྲོས་མཐུན། དེ་མིན2000ལོའི་ཟླ8པའི་ཚེས4ཉིན་མའོ་སི་ཁོ་ནས་བཀོད་པའི་ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་དང་ཕུའུ་ཐའོ་ཡཱའི་སྲིད་གཞུང་བར་གྱི་དམག་དོན་མཉམ་ལས་གྲོས་མཐུན་བཅས་མཚམསའཇོག་རྒྱུ་ཡིན་ཟེར།
བསྒྲགས་པ་ལྟར་ན། ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་ཆོད་དོན་དེའི་ཐད་ནས་ཁཱ་ནཱ་ཏཱ་དང་ཧྥ་རན་སི། ཕུའུ་ཐའོ་ཡཱ་བཅས་ལ་བརྡ་གཏོང་རྒྱུ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།