ཨ་ཧྥུའུ་ཧན་དང་ཕཱ་ཁི་སི་ཐན་གྱི་མཐའ་མཚམས་ནས་ཡང་བསྐྱར་འཁྲུག་རྩོད་བྱུང་།
2025.12.06 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཨ་ཧྥུའུ་ཧན་སྲིད་གཞུང་གི་མགྲིན་ཚབ་པ་མུའུ་ཅཱ་ཞེ་ཏི་ཡིས་ཚེས5ཉིན་བཤད་རྒྱུར། ཨ་ཧྥུའུ་ཧན་དང་ཕཱ་ཁི་སི་ཐན་རྒྱལ་ཁབ་གཉིས་ཀྱི་མཐའ་མཚམས་དམག་དཔུང་གིས་ཉིན་དེའི་དགོང་མོར་ཨ་ཧྥུའུ་ཧན་ལྷོ་ཕྱོགས་ཀྱི་ཁན་ཏཱ་ཧཱ་ཞིང་ཆེན་ནས་ཕཱ་ཁི་སི་ཐན་དང་འབྲེལ་བའི་སི་ཕེན་པུའུ་ཨར་ཏཱ་ཁི་གྲོང་རྡལ་ནས་འཁྲུག་རྩོད་དྲག་པོ་བྱས་ཟེར།

མུའུ་ཅཱ་ཞེ་ཏི་ཡིས་དྲ་ཐོག་ཏུ་གནས་ཚུལ་སྤེལ་ཏེ། ཕཱ་ཁི་སི་ཐན་ཕྱོགས་ཀྱིས་ཡང་བསྐྱར་སི་ཕེན་པུའུ་ཨར་ཏཱ་ཁི་གྲོང་རྡལ་ས་ཁུལ་ནས་ཨ་ཧྥུའུ་ཧན་ཕྱོགས་ལ་དཔུང་འཇུག་བྱས་པ་དང་། ཨ་ཧྥུའུ་ཧན་འུ་ཐུག་ཐབས་ཟད་ཀྱིས་རྒོལ་ལན་སྤྲད་པ་ཡིན་ཟེར།

ཨ་ཧྥུའུ་ཧན་གྱི་སྐྱ་རེངས་གསར་འགྱུར་དྲ་ཚིགས་ཀྱིས་ཨ་ཧྥུའུ་ཧན་གྱི་མཐའ་མཚམས་ཉེན་རྟོག་པའི་མགྲིན་ཚབ་པ་ཧྥ་ལུའུ་ཅི་ཡི་སྐད་ཆ་དྲངས་ནས་བཤད་རྒྱུར། འཁྲུག་རྩོད་དེ་ནི་ཕཱ་ཁི་སི་ཐན་ཕྱོགས་ཀྱིས་ལག་འབོམ་ཞིག་ཕངས་པ་ལས་བྱུང་བ་ཡིན། ཨ་ཧྥུའུ་ཧན་ཕྱོགས་ཀྱིས་ནམ་རྒྱུན་འཁྲུག་རྩོད་མཚམས་འཇོག་པའི་བཀོད་སྒྲིག་བརྩི་སྲུང་བྱེད་ཀྱང་། ཕཱ་ཁི་སི་ཐན་ཕྱོགས་ཀྱིས་སྔོན་ལ་སྒྲིག་འགལ་གྱི་བྱ་སྤྱོད་སྤེལ་བས་ཨ་ཧྥུའུ་ཧན་གྱིས་རྒོལ་ལན་མི་སྤྲོད་ཐབས་མེད་རེད་ཟེར།

ས་དེའི་གནས་ཚུལ་ཤེས་མཁན་གྱིས་བཤད་རྒྱུར། ཕྱོགས་གཉིས་ཀྱིས་འཁྲུག་རྩོད་བྱེད་སྐབས་མཚོན་ཆ་ཆེ་གྲས་བཀོལ་བ་དང་། རྒྱལ་ཁབ་གཉིས་ཀྱི་མཐའ་མཚམས་ས་ཁུལ་གྱི་སྡོད་དམངས་དག་འཁྲུག་རྩོད་ས་ཁུལ་ནས་ཕྱིར་འཐེན་བྱས་ཡོད་ཟེར།

ཕཱ་ཁི་སི་ཐན་དཔོན་རིགས་ཀྱིས་དེའི་རྗེས་སུ་བདེན་དཔང་བྱས་དོན། ཕཱ་ཁི་སི་ཐན་དང་ཨ་ཧྥུའུ་ཧན་ཕྱོགས་གཉིས་ཀྱིས་མཐའ་མཚམས་ས་ཁུལ་ནས་འཁྲུག་རྩོད་དྲག་པོ་བྱས་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།



ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།