
གཞི་གྲངས་དུས་རབས་ཀྱི་འགྲོ་མིའི་ཐོབ་ཐང་འགན་སྲུང་ཞེས་པའི་རྒྱལ་སྤྱིའི་དཔྱད་གླེང་ཚོགས་འདུ་ཚེས5ཉིན་མཱ་ལེ་ཞི་ཡཱ་ནས་སྤེལ། ཀྲུང་གོ་དང་མཱ་ལེ་ཞི་ཡཱ་རྒྱལ་ཁབ་གཉིས་ཀྱི་འགྲོ་མིའི་ཐོབ་ཐང་ཁྱབ་ཁོངས་ཀྱི་རིག་མཛོད་ཆེད་མཁས་པ་དང་སྤྱི་ཚོགས་རྩ་འཛུགས། སྨྱན་བཅས་བཅས་ཀྱི་འཐུས་མི་སོགས་མི20ལྷག་གྲོས་ཚོགས་ལ་ཞུགས།
ཚོགས་ཞུགས་མི་སྣས་གཞི་གྲངས་ལག་རྩལ་བཅོས་བསྒྱུར་གྱིས་འགྲོ་མིའི་ཐོབ་ཐང་འགན་སྲུང་ཐད་ཀྱི་གོ་སྐབས་དང་འགྲན་རྩོད། གཞི་གྲངས་ཅན་གྱི་འཕེལ་རྒྱས་ལས་འགྲོ་མིའི་ཐོབ་ཐང་འགན་སྲུང་ཐད་བཏོན་པའི་གྲོས་གཞི་གསར་བ། གཞི་གྲངས་དུས་རབས་ཀྱི་འགྲོ་མིའི་ཐོབ་ཐང་འགན་སྲུང་གི་གཞི་རྩའི་རྩ་དོན། རབས་གསར་བའི་འགྲོ་མིའི་ཐོབ་ཐང་གི་གཞི་གྲངས་འགྲོ་མིའི་ཐོབ་ཐང་། གཞི་གྲངས་འགྲོ་མིའི་ཐོབ་ཐང་འགན་སྲུང་གི་ལམ་ལུགས་སྒྲོམ་གཞི་དང་བཅོས་སྐྱོང་ལག་ལེན། དེ་མིན་ཨེ་ཤ་ཡཱའི་རིན་ཐང་ལྟ་བ། དཔལ་ཡོན་དཔེར་ལེན། གཞི་གྲངས་འགྲོ་མིའི་ཐོབ་ཐང་གི་དཔལ་ཡོན་གྱི་མ་འོངས་པ་སོགས་གྲོས་གཞིའི་ཐད་ནས་གཏིང་ཟབ་ཏུ་གྲོས་བསྡུར་བྱས་ནས་ཐུན་མོང་གི་ལྟ་ཚུལ་བྱུང་།
སྐབས་འདིའི་དཔྱད་གླེང་ཚོགས་འདུ་ནི་ཀྲུང་གོའི་འགྲོ་མིའི་ཐོབ་ཐང་ཞིབ་འཇུག་ཚོགས་པ་དང་། མཱ་ལེ་ཞི་ཡཱའི་སྤྱི་ཚོགས་དཔལ་འབྱོར་དང་ཁོར་ཡུག འཕེལ་རྒྱས། འཐབ་ཇུས་ཞིབ་འཇུག་ཁང་། མཱ་ཧྭ་བུད་མེད་རྩ་འཛུགས་ཀྱི་ན་གཞོན་བུད་མེད་ཅུའུ་བཅས་ཀྱིས་མཉམ་དུ་གཙོ་སྒྲུབ་བྱས་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།