ཝེ་ནེ་ཙུའེ་ལཱ་དང་ཐུར་ཁེ་ཡིས་ཉེ་སྔོན་ཐད་གཏོང་གནམ་གྲུ་སླར་གསོ་བྱེད་པར་འཐད་པ་བྱུང་།
2025.12.07 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཝེ་ནེ་ཙུའེ་ལཱ་སྲིད་གཞུང་གིས་ཚེས6ཉིན་གསལ་སྒྲོག་སྤེལ་ཏེ། ཝེ་ནེ་ཙུའེ་ལཱའི་སྲིད་འཛིན་མཱ་ཏུའུ་ལོ་ཉིན་དེར་ཐུར་ཁེའི་སྲིད་འཛིན་ཨེ་ཨར་ཏའོ་ཨན་དང་ཁ་པར་གྲོས་མོལ་བྱས། ཕྱོགས་གཉིས་ཀྱིས་ཉེ་སྔོན་རྒྱལ་ཁབ་གཉིས་བར་གྱི་ཐད་གཏོང་གནམ་གྲུ་སླར་གསོ་བྱེད་པར་འཐད་པ་བྱུང་ཡོད་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། ཕྱོགས་གཉིས་ཀྱིས་གཅིག་གྱུར་སྒོས་བལྟས་ན། གང་མགྱོགས་སྒོས་ཐུར་ཁེའི་མཁའ་འགྲུལ་ཀུང་ཟི་བརྒྱུད་དེ་ཝེ་ནེ་ཙུའེ་ལཱའི་རྒྱལ་ས་ཅཱ་ལཱ་ཅཱ་སི་དང་ཐུར་ཁེའི་ཆེས་ཆེ་བའི་གྲོང་ཁྱེར་དབྱི་སི་ཐན་པོར་བར་གྱི་གནམ་གྲུ་སླར་གསོ་བྱེད་དགོས་པ་དང་། མི་སྣའི་འགྲོ་འོང་ལ་སྟབས་བདེ་བཟོས་ནས། ཡུལ་སྐོར་དང་དངུལ་གཏོང་མཉམ་ལས་ལ་སྐུལ་འདེད་གཏོང་དགོས་ཟེར།

གསལ་སྒྲོག་ལས་ད་རུང་ཨེ་ཨར་ཏའོ་ཨན་གྱིས་ཉེ་སྔོན་ཝེ་ནེ་ཙུའེ་ལཱའི་གནས་བབ་ཐད་ལ་སེམས་ཁུར་ཆེན་པོ་བྱེད་བཞིན་ཡོད་ཟེར།

མཱ་ཏུའུ་ལོ་ཡིས་རྒྱལ་ཁབ་ཀྱི་མདུན་དུ་ལྷགས་པའི་འཇིགས་ཉེན་གྱི་ཁྲིམས་འགལ་རང་བཞིན་དང་སྡུར་ཚད་མི་འདྲ་བའི་རང་བཞིན། དགོས་མེད་རང་བཞིན་བཅས་རྒྱས་བཤད་བྱས་པར་མ་ཟད། ཝེ་ནེ་ཙུའེ་ལཱ་ཡིས་མུ་མཐུད་དུ་བློ་བརྟན་འགྱུར་མེད་ཀྱིས་དཔལ་འབྱོར་འཕེལ་རྒྱས་བཏང་སྟེ། རྒྱལ་ཁབ་ཀྱི་བདེ་འཇགས་དང་ཆབ་སྲིད་གཏན་འཇགས་ལ་སྲུང་སྐྱོབ་བྱེད་རྒྱུ་ནན་བཤད་བྱས།


བསོད་ནམས་ཚེ་རིང་གིས་བསྒྱུར།



ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།