ཅོར་ཏན་དང་ཡོ་རོབ་གླིང་མནའ་འབྲེལ་གྱིས་རྒྱལ་ཁབ་གཉིས་ཀྱི་ཇུས་གཞིར་རྒྱབ་སྐྱོར་བྱེད་རྒྱུ་བསྐྱར་བསྒྲགས་བྱས།
2025.12.08 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཅོར་ཏན་གྱི་རྒྱལ་བོ་ཨ་པུའུ་ཏུའུ་ལཱ་སྐུ་ཕྲེང་གཉིས་པས་ཚེས7ཉིན་རྒྱལ་ས་ཨན་མན་ནས་འཚམས་འདྲིར་ཡོང་བའི་ཡོ་རོབ་གླིང་མནའ་འབྲེལ་གྱི་ཕྱི་འབྲེལ་དང་བདེ་འཇགས་སྲིད་ཇུས་ཀྱི་མཐོ་རིམ་འཐུས་མི་ཁཱ་ལཱ་སི་དང་གྲོས་མོལ་བྱས། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་ཇུས་གཞི་ནི་ས་ཁུལ་གྱི་དྲང་བདེན་དང་ཕྱོགས་ཡོངས་ཀྱི་ཞི་བདེ་མངོན་འགྱུར་བྱེད་པའི་ཐབས་ལམ་ཉག་ཅིག་ཡིན་པ་ནན་བཤད་བྱས།

ཅོར་ཏན་རྒྱལ་བོའི་ཕོ་བྲང་གིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། ཕྱོགས་གཉིས་ཀྱིས་གྲོས་མོལ་བྱེད་སྐབས་ངེས་པར་དུ་ས་ཁུལ་དེར་ཕྱོགས་ཡོངས་ནས་འཁྲུག་རྩོད་མཚམས་བཞག་སྟེ། རྒྱལ་ཁབ་སོ་སོའི་བདག་དབང་ལ་སྲུང་སྐྱོབ་བྱེད་དགོས་པའི་ཚུལ་བསྟན།

ཨ་པུའུ་ཏུའུ་ལཱ་སྐུ་ཕྲེང་གཉིས་པས་བསྐྱར་བསྒྲགས་བྱས་དོན། ངེས་པར་དུ་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་ལག་བསྟར་བྱེད་པ་དང་། མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་བཀག་མེད་ཡོང་བར་འགན་སྲུང་བྱེད་དགོས་པར་མ་ཟད། ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ཕཱ་ལེ་སི་ཐན་གྱི་མིར་ཕྱོགས་གཅིག་ནས་འགུལ་སྐྱོད་སྤེལ་མཚམས་འཇོག་དགོས་ཟེར།

ཁཱ་ལཱ་སི་ཡིས་བསྟན་དོན། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཅོར་ཏན་བར་གྱི་གྲོགས་པོའི་འབྲེལ་བར་ཤུགས་སྣོན་བྱེད་པ་དང་ཁྱབ་ཁོངས་སོ་སོའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བར་འབད་འབུངས་བྱེད་བཞིན་ཡོད་པར་མ་ཟད། ཅོར་ཏན་གྱིས་རང་ས་ཁུལ་དུ་ནུས་པ་གལ་ཆེན་འདོན་སྤེལ་བྱས་པར་གཟེངས་བསྟོད་བྱེད་བཞིན་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།



ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།