
ནེ་ཀྲི་རི་ཡཱའི་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་ཐུའུ་ཅཱ་ཨར་གྱིས་ཚེས6ཉིན་ཁཱ་ཐར་གྱི་ཏའོ་ཧཱ་གླེང་སྟེགས་སྟེང་བསྟན་དོན། ནེ་ཀྲི་རི་ཡཱ་ཡིས་མ་འོངས་པའི་ལོ་འགའི་ནང་གསེར་གྱོམ་རྒྱལ་ཁབ་ཀྱི་དངོས་གཞིའི་ཁོངས་གཏོགས་རྒྱལ་ཁབ་ཏུ་འགྱུར་བར་རེ་བཞིན་ཡོད་ཟེར།
བསྒྲགས་པ་ལྟར་ན། ཐུའུ་ཅཱ་ཨར་གྱིས་ནན་གྱིས་བསྟན་དོན། ཚོད་དཔག་བྱས་ན2050ལོའི་བར་ནེ་ཀྲི་རི་ཡཱའི་མི་གྲངས་དུང་ཕྱུར་བཞིར་བསླེབས་སྲིད་པ་དང་། ནེ་ཀྲི་རི་ཡཱ་ཡིས་གསེར་གྱོམ་རྒྱལ་ཁབ་བར་མཉམ་ལས་གཏིང་ཟབ་སྤེལ་བར་གྲ་སྒྲིག་བྱེད་བཞིན་ཡོད་ཟེར། ཁོས་བསྟན་དོན། ནེ་ཀྲི་རི་ཡཱ་ཡིས་གཉིས་ཕན་མཉམ་རྒྱལ་དང་མཉམ་ལས་སྙིང་སྟོབས་གཞིར་བཟུང་ནས། གསེར་གྱོམ་རྒྱལ་ཁབ་བར་འབྲེལ་བ་འཛུགས་པར་རེ་བཞིན་ཡོད་ཟེར།
ནེ་ཀྲི་རི་ཡཱ་ནི་ཨ་ཧྥེ་རི་ཁ་གླིང་གི་མི་གྲངས་ཆེས་མང་བའི་རྒྱལ་ཁབ་ཅིག་ཡིན་པ་དང་། ཨ་ཧྥེ་རི་ཁ་གླིང་གི་ཆེས་གལ་ཆེ་བའི་དཔལ་འབྱོར་ཚོགས་པ་ཞིག་ཀྱང་རེད། ད་ལོའི་ཟླ་དང་པོར། ནེ་ཀྲི་རི་ཡཱ་གསེར་གྱོམ་རྒྱལ་ཁབ་ཀྱི་གྲོགས་པོའི་རྒྱལ་ཁབ་དགུ་བར་གྱུར་བ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།