ཕོ་བྲང་དཀར་པོས་ཐི་ལིང་ཕུའུ་དང་ཕུའུ་ཅིན་གྱིས་ཝུའུ་ཁི་ལན་གནད་དོན་ཐད་ནས་ཁ་པར་གྲོས་མོལ་བཟང་བོ་བྱས་ཡོད་པའི་ཚུལ་བསྟན།
2025.12.30 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཨ་མེ་རི་ཁའི་ཕོ་བྲང་དཀར་པོའི་གསར་འགྱུར་དྲུང་ཡིག་ལའེ་ཝེ་ཐི་ཡིས་ཚེས29ཉིན་དྲ་ཚིགས་བརྒྱུད་དེ་བཤད་རྒྱུར། ཨ་མེ་རི་ཁའི་སྲིད་འཛིན་ཐི་ལིང་ཕུའུ་དང་ཨུ་རུ་སིའི་སྲིད་འཛིན་ཕུའུ་ཅིན་གྱིས་ཝུའུ་ཁི་ལན་གནད་དོན་ཐད་ནས་ཁ་པར་གྲོས་མོལ་བཟང་བོ་བྱས་ཡོད་ཟེར།

ལའེ་ཝེ་ཐི་ཡིས་ཁ་པར་གྲོས་མོལ་གྱི་ནང་དོན་མཚམས་སྦྱོར་བྱས་མེད་པ་དང་། དེ་ནི་ཐི་ལིང་ཕུའུ་དང་ཕུའུ་ཅིན་གྱིས་བསྟུད་མར་ཉིན་གཉིས་པར་ཁ་པར་གྲོས་མོལ་བྱས་པ་རེད་ཟེར།

ཁོས་ཚེས28ཉིན་ཧྥོ་ལོ་ལི་ཏཱ་མངའ་སྡེའི་ཧེ་ཧུའུ་གཞིས་ཀ་ནས་ཝུའུ་ཁི་ལན་གྱི་སྲིད་འཛིན་ཙེ་ལིན་སི་ཅི་དང་གྲོས་མོལ་མ་བྱས་གོང་ཕུའུ་ཅིན་ལ་ཁ་པར་བཏང་བ་དང་། དྲ་ཐོག་ནས་བསྒྲགས་པ་ལྟར་ན་ཁ་པར་གྲོས་མོལ་དེར་ཕན་འབྲས་བཟང་བོ་ཐོན་ཡོད་ཟེར།

ཨུ་རུ་སིའི་ཐཱ་སི་གསར་འགྱུར་ཁང་གིས་བསྒྲགས་པ་ལྟར་ན། ཨུ་རུ་སིའི་སྲིད་འཛིན་གྱི་ལས་རོགས་པ་ཝུའུ་ཧྲ་ཁི་ཧྥུའུ་ཡིས་ཚེས29ཉིན་བསྟན་དོན། ཐི་ལིང་ཕུའུ་ཡིས་ཉིན་དེར་ཁ་པར་གྲོས་མོལ་བྱེད་སྐབས་ཕུའུ་ཅིན་ལ་ཧེ་ཧུའུ་གཞིས་ཀའི་གྲོས་མོལ་གནས་ཚུལ་མཚམས་སྦྱོར་བྱས་པ་དང་། ཝུའུ་ཁི་ལན་ཕྱོགས་ཀྱི་མི་མེད་གནམ་གྲུས་ཅང་མ་འགོར་བའི་སྔོན་ཕུའུ་ཅིན་གྱི་བཞུགས་ཤག་ཅིག་ལ་འཇབ་རྒོལ་བྱས་པར་ཧ་ལས་པའི་ཚུལ་བསྟན་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར། 



ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།