
ཡེ་མིན་ལྷོ་ཕྱོགས་བར་བརྒལ་ཨུ་ཡོན་ལྷན་ཁང་གིས་ཚེས30ཉིན་སྤེལ་བའི་གནས་ཚུལ་ལྟར་ན། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ནི་སྔར་བཞིན་ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པར་ཆམ་ཕབ་གཏོང་བའི་མཉམ་ལས་གྲོགས་པོ་གཙོ་བོ་ཡིན་ཟེར།
བསྒྲགས་པ་ལྟར་ན། ལྷོ་ཕྱོགས་བར་བརྒལ་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་པ་ཙུའུ་པེ་ཏིས་དང་བཅས་པའི་དཔོན་རིགས་བཞི་ཡིས་ཉིན་དེར་མཉམ་འབྲེལ་གསལ་སྒྲོག་ཅིག་སྤེལ་ཏེ་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ནི་ཝུའུ་སེ་དྲག་ཆས་པར་ངོ་རྒོལ་བྱེད་པ་དང་། ས་ཁུལ་དང་མཚོ་ཐོག་བདེ་འཇགས་ལ་རྒྱབ་སྐྱོར་བྱེད་པའི་མཉམ་ལས་གྲོགས་པོ་གཙོ་བོ་ཡིན་ཟེར།
བསྒྲགས་པ་ལྟར་ན། ལྷོ་ཕྱོགས་བར་བརྒལ་ཨུ་ཡོན་ལྷན་ཁང་གིས་ཐུན་མོང་ལྟ་ཚུལ་ལག་བསྟར་བྱས་ཏེ་ཡེ་མིན་གྱི་བདེ་འཇགས་གནས་བབ་སྔར་ལས་ཇེ་སྡུག་ཏུ་འགྲོ་བར་སྔོན་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་།
བསོད་ནམས་ཚེ་རིང་གིས་བསྒྱུར།