ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡཱའི་མཚོ་དམག་གིས་མཉམ་འབྲེལ་དམག་དོན་སྦྱོང་བརྡར་སྤེལ།
2016.01.03 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 1

 2016年新年第一天,正在执行环球访问任务的中国海军152舰艇编队途经澳大利亚以东海域,与澳海军举行了联合演练。.jp
ཉིས་སྟོང་བཅུ་དྲུག་ལོའི་ཟླ་དང་པོའི་ཚེས་གཅིག་ཉིན། འཛམ་གླིང་ཡོངས་སུ་འཚམས་འདྲི་བྱེད་པའི་ལས་འགན་ལག་བསྟར་བྱེད་བཞིན་པའི་ཀྲུང་གོའི་མཚོ་དམག་གི་གྲུ་གཟིངས་རུ་སྒྲིག་གཅིག་ལྔ་གཉིས་པ་ཨོ་སི་ཁྲུ་ལི་ཡཱའི་ཤར་ངོས་མཚོ་ཁོངས་བརྒྱུད་སྐབས། ཨོ་སི་ཁྲུ་ལི་ཡཱའི་མཚོ་དམག་དང་མཉམ་འབྲེལ་སྦྱོང་བརྡར་བྱ་འགུལ་སྤེལ། སྦྱོང་བརྡར་གྱི་ནང་དོན་གཙོ་བོར་རྒྱལ་ཁབ་གཉིས་ཀྱི་དམག་གྲུའི་འབྲེལ་གཏུག་དང་ལྷན་འཛོམས། འཕྲིན་གཏོང་བཀོད་འདོམ་གྱི་རོགས་ལས། རུ་སྒྲིག་ལས་འགུལ་སོགས་འདུས། སྦྱོང་བརྡར་ལ་ཞུགས་པའི་ཀྲུང་གོའི་དམག་ཤུགས་ནི་རུ་སྒྲིག་གི་ཅི་ནན་གྲུ་གཟིངས་དང་དབྱེ་དབྱང་གྲུ་གཟིངས་ཡིན་པ་དང་། ཨོ་སི་ཁྲུ་ལི་ཡཱའི་དམག་ཤུགས་ནི་ཏཱ་ཨར་ཝུན་རྟགས་ཅན་གྱི་འགོག་སྲུང་གྲུ་གཟིངས་ཡིན། སྦྱོང་བརྡར་དེ་ཚེས་གཅིག་ཉིན་གྱི་སྔ་དྲོའི་དུས་ཚོད་དགུ་ནས་མགོ་བརྩམས་པ་དང་ཕྱི་དྲོའི་དུས་ཚོད་གཉིས་དང་ཕྱེད་ཀའི་སྟེང་མཇུག་སྒྲིལ། ཀྲུང་གོའི་ཕྱོགས་ཀྱི་ཅི་ནན་གྲུ་གཟིངས་དང་ཨོ་སི་ཁྲུ་ལི་ཡཱའི་ཏཱ་ཨར

ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།