ཨུ་རུ་སིའི་དམག་ཕྱོགས་ཀྱི་དམག་སྒེར་གྱི་འཐབ་འཁྲུག་སྒྲིག་ཆས་རབས་གསུམ་པ་ཞིབ་འཇུག་བཟོ་སྐྲུན་བྱེད་མགོ་བརྩམས།
2016.01.10 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཨུ་རུ་སིའི་སྐམ་དམག་གི་སྤྱི་ཁྱབ་དམག་སྤྱི་སཱ་ལིག་ཁི་ཧྥུའུ་ཡིས་ཚེས་དགུའི་ཉིན་གསར་འགྱུར་ལས་རིགས་ལ་བཤད་རྒྱུར། ཨུ་རུ་སིའི་དམག་ཕྱོགས་ཀྱི་དམག་སྒེར་གྱི་འཐབ་འཁྲུག་སྒྲིག་ཆས་རབས་གསུམ་པའི་ཞིབ་འཇུག་བཟོ་སྐྲུན་བྱ་བ་མགོ་བརྩམས་པ་དང་། དེའི་བྱེད་ནུས་ནི་ཕྱི་རྒྱལ་གྱིས་གསར་དུ་ཞིབ་འཇུག་བཟོ་སྐྲུན་བྱས་པའི་རིགས་མཐུན་སྒྲིག་ཆས་ལས་ལྷག་ལ། ཁྱད་སྟོབས་དེ་ཉིས་སྟོང་ཉེར་ལྔ་ལོའི་བར་སྲུང་འཛིན་བྱེད་ཐུབ་ཟེར། རབས་གསར་བའི་འཐབ་འཁྲུག་སྒྲིག་ཆས་ལ་སྒུལ་ཤུགས་སྒྲིག་ཆས་སྒྲིག་སྦྱོར་བྱེད་རྒྱུ་ཡིན་པ་དང་། སྒྲིག་ཆས་ཀྱི་ལྗིད་ཚད་སྤྱི་རྒྱ་ཉི་ཤུའི་ནང་ཚོད་འཛིན་བྱེད་ཐུབ་པས། དམག་མིས་བེད་སྤྱོད་བྱེད་པར་སྟབས་བདེ་བ་ཡིན། འཐབ་འཁྲུག་སྒྲིག་ཆས་གསར་བ་དེ་གླིང་སྣེ་བྱང་མ་ས་ཁུལ་དུ་བེད་སྤྱོད་བྱེད་པར་འཚམ་པ་རེད།

ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།