སྤེལ་དུས།2016.11.11 ཡོང་ཁུངས།ཞིན་ཧྭ་གསར་འགྱུར་དྲ་བ།
0
0

ཀི་ལུའུ་ཅི་ཡཱ་དང་བྱང་ཆིངས་རྩ་འཛུགས་ཀྱི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་དེ་ཚེས་བཅུ་ཉིན་ཀི་ལུའུ་ཅི་ཡཱའི་རྒྱལ་ས་ཏིས་པུས་ལེ་སི་ལྷོ་ཕྱོགས་ཀྱི་ཁི་ཨར་ཁྲ་ནེ་ཞིའི་མཉམ་འབྲེལ་སྦྱོང་བརྡར་དང་དཔྱད་འཇོག་ལྟེ་གནས་ནས་སྤེལ་མགོ་བརྩམས།

ཉིན་དེར་ཏིས་པུས་ལེ་སི་ཉེ་འདབས་ཀྱི་ཝ་ཅཱ་ནེ་དམག་དོན་རྟེན་གཞི་ནས་མཉམ་འབྲེལ་དམག་དོན་སྦྱོང་བརྡར་མགོ་རྩོམ་པའི་མཛད་སྒོའི་སྟེང་ཀི་ལུའུ་ཅི་ཡཱའི་རྒྱལ་སྲུང་པུའུ་ཡི་པུའུ་ཀྲང་གཞོན་པ་ཆི་ཁི་ཝ་ནེ་ཡིས་བསྟན་དོན། ཐེངས་འདིའི་དམག་དོན་སྦྱོང་བརྡར་ནི་ཀི་ལུའུ་ཅི་ཡཱའི་སྤྱི་ཁྱབ་ཇུས་འདོན་པུའུ་ཡིས་བཀོད་འདོམ་གྱི་འགན་ཁུར་བའི་བྱང་ཆིངས་ཁྱབ་ཁོངས་ཀྱི་རྒྱལ་ཁབ་མང་བོསི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་ཐོག་མ་ཡིན་པ་དང་། དམག་དོན་སྦྱོང་བརྡར་གྱི་རིམ་པ་དེ་སྟོང་ཤོག་རིམ་པའི་གཞི་རྒྱར་བསླེབ་ཡོད་ཟེར།

ཀི་ལུའུ་ཅི་ཡཱའི་རྒྱལ་སྲུང་པུའུ་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། ཨ་མེ་རི་ཁ་དང་ཐུར་ཁེ། ཧོ་ལན་སོགས་བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་བཅུ་གཅིག་དང་། ཝུའུ་ཁི་ལན་དང་མཱ་ཆི་ཏོན་གྱི་དམག་མི། དེ་མིན་ཀི་ལུའུ་ཅི་ཡཱའི་དམག་མི་བཅས་མཉམ་དུ་ཐེངས་འདིའི་དམག་དོན་སྦྱོང་བརྡར་ལ་ཞུགས་རྒྱུ་ཡིན་པ་དང་། དུས་ཡུན་ཉིན་བཅུ་ཡིན་པའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་དེ་སྤེལ་བའི་དམིགས་ཡུལ་ནི་ཀི་ལུའུ་ཅི་ཡཱ་དང་བྱ་འགུལ་དེར་ཞུགས་པའི་རྒྱལ་ཁབ་སོ་སོའི་བར་གྱི་དམག་དོན་མཐུན་སྦྱོར་ནུས་པ་ཇེ་དྲག་ཏུ་གཏོང་བའི་ཆེད་དུ་ཡིན་ཟེར།

ད་ལོའི་ཟླ་ལྔ་བར། ཀི་ལུའུ་ཅི་ཡཱ་དང་ཨ་མེ་རི་ཁ། དབྱིན་ཇི་བཅས་ཀྱིས་མཉམ་འབྲེལ་དམག་དོན་སྦྱོང་བརྡར་བྱ་འགུལ་སྤེལ་བ་དང་། ཟླ་དགུ་བར་ཀི་ལུའུ་ཅི་ཡཱ་དང་ཨ་མེ་རི་ཁ། པུར་ཀ་རི་ཡཱ། ལཱ་ཐའོ་ཝེ་ཡཱ། ཝུའུ་ཁི་ལན། རོ་མཱ་ནི་ཡཱ་བཅས་ཀྱིས་མཉམ་འབྲེལ་དམག་དོན་སྦྱོང་བརྡར་བྱ་འགུལ་སྤེལ་བ་རེད།

 

གསར་འགྱུར་མེ་ལོང་། ༼ ཧྲིལ་བོ ༽ གསར་འགྱུར་མཉམ་སྒྲོག ༼ ཧྲིལ་བོ ༽
ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།