བྱང་ཆིངས་རྩ་འཛུགས་ཀྱི་རྒྱལ་ཁབ་མང་བོའི་དམག་ཚོགས་ཀྱིས་ཚེས་ཉེར་གཅིག་ཉིན་ཕོ་ལན་ནུབ་བྱང་ཕྱོགས་ཀྱི་ཧྲི་ཆེ་ཆིན་གྲོང་ཁྱེར་ནས་ཚབ་མིང་ལ་ཉིས་སྟོང་བཅུ་དྲུག་ལོའི་གླག་རྒོད་ཆུང་བ་ཞེས་པའི་དམག་དོན་སྦྱོང་བརྡར་སྤེལ་བ་དང་། ཚོད་དཔག་བྱས་ན་དཔོན་དམག་ལྔ་བརྒྱ་ཙམ་སྦྱོང་བརྡར་ལ་ཞུགས་རྒྱུ་རེད།
རྒྱལ་ཁབ་མང་བོའི་དམག་ཚོགས་ཀྱི་སྐམ་དམག་གི་དམག་དཔོན་ཀའོ་ཨར་པའི་ཚི་ཡིས་བཤད་རྒྱུར། ཐེངས་འདིའི་དམག་དོན་སྦྱོང་བརྡར་ནི་ཕོ་ལན་དུ་སྡོད་པའི་བྱང་ཆིངས་རྩ་འཛུགས་ཀྱི་སྒར་ས་ནས་སྤེལ་བ་དང་། སྦྱོང་བརྡར་གྱི་ནང་དོན་ལ་བཀོད་འདོམ་དང་མཁོ་སྒྲུབ་འགན་སྲུང་མ་ལག་ལ་འབྲེལ་ཡོད་ལ། ས་ངོས་དམག་དཔུང་བཀོད་སྒྲིག་བྱས་མེད།
ཀའོ་ཨར་པའོ་ཚི་ཡིས་བཤད་རྒྱུར། དམག་དོན་སྦྱོང་བརྡར་ལས་ལད་མོ་བྱས་པ་ནི་བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ལ་འཇབ་རྒོལ་ཐེབས་རྗེས། རྒྱལ་ཁབ་མང་བོའི་དམག་ཚོགས་ཀྱིས་རྒྱལ་ཁོངས་བརྒལ་ནས་རོགས་སྐྱོར་བྱས་ཏེ་དགྲ་བོའི་དམག་དཔུང་ལ་བཀག་འགོག་བྱེད་པའི་རྣམ་པ་ཡིན་རེད།
ཀའོ་ཨར་པའོ་ཚི་ཡིས་བཤད་རྒྱུར། ཐེངས་འདིའི་དམག་དོན་སྦྱོང་བརྡར་གྱི་དམིགས་ཡུལ་ནི་བྱང་ཆིངས་རྩ་འཛུགས་ཀྱི་དམག་དཔུང་གིས་དོགས་ཟོན་མཐོར་འདེགས་བྱས་ཏེ། དུས་ཡུན་ཐུང་ངུའི་ནང་ལས་འགན་ཡོངས་འགྲུབ་བྱེད་པའི་ཆེད་ཡིན། རྒྱལ་ཁབ་མང་བོའི་དམག་ཚོགས་ཀྱིས་ཐེངས་འདིའི་དམག་དོན་སྦྱོང་བརྡར་བྱ་འགུལ་ལ་བརྟེན་ནས་སང་ལོའི་ཟླ་དྲུག་པར་སྤེལ་རྒྱུ་ཡིན་པའི་བྱང་ཆིངས་རྩ་འཛུགས་ཀྱི་དམག་དོན་སྦྱོང་བརྡར་ལ་གྲ་སྒྲིག་བྱེད་རྩིས་ཡོད།
བྱང་ཆིངས་རྩ་འཛུགས་ཀྱི་རྒྱལ་ཁབ་མང་བོའི་དམག་ཚོགས་དེ་གཅིག་སྟོང་དགུ་བརྒྱ་གོ་དགུ་ལོར་འཇར་མན་དང་ཏན་མག ཕོ་ལན་བཅས་ཀྱིས་མཉམ་འབྲེལ་སྒོས་རྩ་འཛུགས་བྱས་པ་ཡིན་ཞིང་། ད་ལྟ་རྒྱལ་ཁབ་དང་ས་ཁུལ་ཉེར་ལྔ་ལྷག་ནས་ཡོང་བའི་བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་མིན་པའི་ཧྥུན་ལན་དང་སུའེ་ཏེན་དང་བཅས་པའི་བཅའ་སྡོད་དམག་དཔུང་འདུས་ཡོད།