དབྱི་ལིང་གིས་གཞི་རྒྱ་ཆེ་བའི་དམག་དོན་སྦྱོང་བརྡར་བྱ་འགུལ་སྤེལ་ཏེ་འཕུར་མདའ་མང་བོ་གཏོང་འཕེན་བྱས།
2017.03.01 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 43

དབྱི་ལིང་གི་མཚོ་དམག་གིས་ཚེས་ཉེར་བདུན་ཉིན་ཧའོ་མུའུ་ཨར་ཙི་མཚོ་འགག་ནས་གཞི་རྒྱ་ཆེ་བའི་དམག་དོན་སྦྱོང་བརྡར་བྱ་འགུལ་སྤེལ་བ་དང་། རྣམ་པ་གསར་བའི་འཕུར་མདའ་མང་བོ་གཏོང་འཕེན་ཚོད་ལྟ་བྱས་ཟེར།

དབྱི་ལིང་བརྙན་འཕྲིན་ཁང་གིས་ཚེས་ཉེར་བདུན་ཉིན་བསྒྲགས་པ་ལྟར་ན། དབྱི་ལིང་མཚོ་དམག་གིས་ཚེས་ཉེར་བདུན་ཉིན་གྱི་དམག་དོན་སྦྱོང་བརྡར་སྐབས་སུ་ཐོག་དང་པོར་སྐུལ་འོད་ཅན་གྱི་ཏི་ཧི་ལཱ་ཝེ་ཡེ་ཞེས་པའི་ཆུ་འཛུལ་གྲུ་གཟིངས་ལ་རྒོལ་བའི་འཕུར་མདའ་གཏོང་འཕེན་ཚོད་ལྟ་བྱས་ཟེར། དེ་ལས་གཞན་དབྱི་ལིང་གིས་ཉིན་དེར་ད་རུང་སྔོན་ཐོན་གྱི་ནཱ་སེ་ཨར་སྐོར་ཞིབ་འཕུར་མདའ་གཏོང་འཕེན་ཚོད་ལྟ་བྱས། དེ་ཡང་ནཱ་སེ་ཨར་སྐོར་ཞིབ་འཕུར་མདའ་ཐོག་དང་པོར་ཕྱི་ལ་ངོམས་པ་རེད། དབྱི་ལིང་དམག་ཕྱོགས་ཀྱིས་ཉིན་དེའི་འཕུར་མདས་མཚོ་ཐོག་གི་ལད་བཟོའི་དགྲ་བོའི་དམིགས་འབེན་ལ་བདེ་བླག་ངང་ཕོག་ཡོད་ཟེར།