སྤེལ་དུས།2017.08.22 ཡོང་ཁུངས།ཞིན་ཧྭ་གསར་འགྱུར་དྲ་བ།
0
0

ཧན་གོ་དང་ཨ་མེ་རི་ཁའི་དམག་དཔུང་གཉིས་ཀྱིས་ཚེས་ཉེར་གཅིག་ཉིན་དབྱེ་ཀྲི་རང་དབང་ཉེན་སྲུང་བ་ཞེས་པའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་བྱ་འགུལ་དངོས་སུ་སྤེལ་མགོ་བརྩམས། ཧན་གོའི་དམག་མི་ཁྲི་ལྔ་དང་ཨ་མེ་རི་ཁའི་དམག་མི་ཁྲི་གཅིག་དང་སྟོང་བདུན་ལྔ་བརྒྱ་དམག་དོན་སྦྱོང་བརྡར་ལ་ཞུགས་རྒྱུ་ཡིན་པ་དང་། དམག་དོན་སྦྱོང་བརྡར་དེ་ཟླ་འདིའི་ཚེས་སོ་གཅིག་ཉིན་བར་རྒྱུན་བསྲིང་རྒྱུ་རེད།

ཨ་མེ་རི་ཁའི་དམག་དཔུང་གི་དམག་དོན་སྦྱོང་བརྡར་གྱི་གཞི་རྒྱ་ན་ནིང་དང་བསྡུར་ན་ཅུང་ཇེ་ཆུང་ལ་སོང་ཡོད། ཨ་མེ་རི་ཁའི་དམག་དཔུང་གིས་གནམ་གྲུ་འབབ་སའི་གྲུ་གཟིངས་སོགས་འཐབ་ཇུས་མཚོན་ཆ་ཐེངས་འདིའི་དམག་དོན་སྦྱོང་བརྡར་ལ་མངག་མིན་ད་རུང་གསལ་བོར་མི་ཤེས། ཧན་གོར་འཚམས་འདྲིར་ཡོང་བའི་ཨ་མེ་རི་ཁའི་ཞི་བདེ་རྒྱ་མཚོའི་དམག་སྤྱི་ཁང་གི་དམག་སྤྱི་ཧཱ་ལི་སི་ཡིས་ཐེངས་འདིའི་དམག་དོན་སྦྱོང་བརྡར་ལ་ལྟ་ཞིབ་བྱེད་རྒྱུ་རེད།

ཨོ་སི་ཁྲུ་ལི་ཡཱ་དང་། ཁཱ་ནཱ་ཏཱ། ཁོ་ལོམ་པུ་ཡཱ། ཏན་མག ནེའུ་ཙེ་ལན། ཧི་ལན། དབྱིན་ཇི་སོགས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམག་སྤྱི་ཁང་གི་དམག་དཔུང་མངག་པའི་རྒྱལ་ཁབ་བདུན་གྱིས་ཐེངས་འདིའི་དམག་དོན་སྦྱོང་བརྡར་ལ་ལྟ་ཞིབ་བྱེད་རྒྱུ་རེད། དབུ་མར་གནས་པའི་རྒྱལ་ཁབ་ཀྱི་ལྟ་རྟོག་ཨུ་ཡོན་ལྷན་ཁང་གིས་དམག་དོན་སྦྱོང་བརྡར་སྐབས་སུ་དུས་ངེས་མེད་དུ་ལྟ་ཞིབ་བྱས་ཏེ། དམག་དོན་སྦྱོང་བརྡར་གྱི་བརྒྱུད་རིམ་དེ་འཁྲུག་རྩོད་མཚམས་འཇོག་པའི་གྲོས་ཆོད་དང་འཚམ་པར་ཁག་ཐེག་བྱེད་རྒྱུ་རེད།

དབྱེ་ཀྲི་རང་དབང་ཉེན་སྲུང་བ་ཞེས་པ་ནི་མཉམ་འབྲེལ་བཀོད་འདོམ་ཁང་གི་དམག་དོན་སྦྱོང་བརྡར་ཅིག་ཡིན་པ་དང་། ཕྱི་རོལ་ཡུལ་གྱི་དམག་དོན་སྦྱོང་བརྡར་མེད། ཧན་གོ་དང་ཨ་མེ་རི་ཁས་ཉིས་སྟོང་བཅོ་ལྔ་ལོའི་ཟླ་དྲུག་པར་བཀོད་པའི་འཐབ་འཁྲུག་འཆར་གཞི་ལྔ་ཐིག་གཅིག་ལྔ་བརྩི་སྲུང་བྱ་རྒྱུ་རེད། འཐབ་འཁྲུག་འཆར་གཞི་ལྔ་ཐིག་གཅིག་ལྔ་ལྟར་ན། གལ་ཏེ་ཕྱེད་གླིང་དུ་བྲེལ་མྱུར་གནས་ཚུལ་བྱུང་ན། ཧན་གོ་དང་ཨ་མེ་རི་ཁས་ཐོག་མར་ཕར་རྒོལ་བྱེད་རྒྱུ་རེད།

 

གསར་འགྱུར་མེ་ལོང་། ༼ ཧྲིལ་བོ ༽ གསར་འགྱུར་མཉམ་སྒྲོག ༼ ཧྲིལ་བོ ༽
ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།