ཨ་མེ་རི་ཁའི་འཐབ་འཛིང་གནམ་གྲུས་ཁྲའོ་ཞན་ཕྱེད་གླིང་དུ་བར་སྣང་ནས་འགས་གཏོར་གཏོང་བའི་དམག་དོན་སྦྱོང་བརྡར་བྱ་འགུལ་སྤེལ།
2017.09.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 486

ཨ་མེ་རི་ཁའི་འཐབ་འཛིང་གནམ་གྲུས་ཚེས་བཅོ་བརྒྱད་ཉིན་ཧན་གོའི་དམག་དཔུང་དང་མཉམ་དུ་ཁྲའོ་ཞན་ཕྱེད་གླིང་དུ་བར་སྣང་ནས་འགས་གཏོར་གཏོང་བའི་དམག་དོན་སྦྱོང་བརྡར་བྱ་འགུལ་སྤེལ། མཚམས་སྦྱོར་བྱས་པ་ལྟར་ན། ཚེས་བཅོ་བརྒྱད་ཉིན་ཕྱེད་གླིང་གི་དམག་དོན་སྦྱོང་བརྡར་ལ་ཨ་མེ་རི་ཁའི་དམག་དཔུང་གི་འཐབ་ཇུས་འགས་གཏོར་གནམ་གྲུ་དང་འཐབ་འཛིང་གནམ་གྲུ་ཞུགས་རེ་འགའ་ཞུགས་ཡོད། ཨ་མེ་རི་ཁས་ཉེ་སྔོན་ཁྲའོ་ཞན་ཕྱེད་གླིང་དུ་འཐབ་འཛིང་གནམ་གྲུ་མངག་གཏོང་བྱས་པས། ཁྲའོ་ཞན་གྱིས་ཨ་མེ་རི་ཁའི་བྱ་སྤྱོད་དེ་ལ་མངོན་སུམ་འཛེམ་མེད་ཀྱི་དྲག་ཤུགས་འཇིགས་ཉེན་དུ་འབོད་བཞིན་ཡོད།