ཨུ་རུ་སིའི་ཤར་ཕྱོགས་དམག་ཁུལ་གྱིས་སཱ་ཧཱ་ལིན་གླིང་ཕྲན་ནས་གཞི་རྒྱ་ཆེ་བའི་འགོག་སྲུང་སྦྱོང་བརྡར་སྤེལ།
2017.09.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 324

ཨུ་རུ་སིའི་ཤར་ཕྱོགས་དམག་ཁུལ་གྱིས་ཚེས་བཅུ་དགུའི་ཉིན་སཱ་ཧཱ་ལིན་གླིང་ཕྲན་ནས་གཞི་རྒྱ་ཆེ་བའི་དམག་དོན་སྦྱོང་བརྡར་སྤེལ་བ་དང་། གཙོ་བོ་སཱ་ཧཱ་ལིན་གླིང་ཕྲན་གྱི་འགོག་སྲུང་སྦྱོང་བརྡར་སྤེལ་བ་དེ་རེད།

ཨུ་རུ་སིའི་ཤར་ཕྱོགས་དམག་ཁུལ་གསར་འགྱུར་ཁྲུའུ་ཡིས་ཉིན་དེར་སྤེལ་བའི་སྤྱི་སྒྲོག་ལས་བཤད་རྒྱུར། དམག་དོན་སྦྱོང་བརྡར་ལ་ཞུགས་པའི་དམག་དཔུང་གིས་རྙོག་འཛིང་ཆེ་བའི་གླིང་ཕྲན་གྱི་ས་བབ་བེད་སྤྱད་དེ་འགོག་སྲུང་སྦྱོང་བརྡར་སྣ་ཚོགས་སྤེལ་རྒྱུ་རེད། དེའི་ནང་གླིང་ཕྲན་ལ་ས་ཕྱོགས་སོ་སོ་ནས་རོགས་དམག་མངག་གཏོང་བྱེད་པ་དང་། དགྲ་བོ་ཚར་གཅོད་བྱེད་པའི་མྱུལ་ཞིབ་རུ་ཁག་མངག་པ་སོགས་འདུས། དམག་དོན་སྦྱོང་བརྡར་དེའི་དམིགས་ཡུལ་ནི་དགྲ་བོས་གློ་བུར་དུ་དཔུང་འཇུག་བྱེད་པར་སྔོན་འགོག་བྱེད་པའི་ཆེད་རེད། དམག་དོན་སྦྱོང་བརྡར་ལ་བསྡོམས་པས་དམག་མི་སྟོང་གསུམ་ལྷག་དང་དམག་དོན་སྒྲིག་ཆས་ལྔ་བརྒྱ་ལྷག་ཞུགས་ཡོད།

སཱ་ཧཱ་ལིན་གླིང་ཕྲན་དེ་ཞི་བདེ་རྒྱ་མཚོ་ཆེན་མོའི་བྱང་ངོས་སུ་གནས་པ་དང་། འཇར་པན་བྱང་ངོས་ཀྱི་ཨུ་རུ་སིའི་སཱ་ཧཱ་ལིན་ཀྲིག་གི་ཁོངས་སུ་གཏོགས།