ནེ་ཀྲིར་དང་ཧྥ་རན་སིའི་དམག་དཔུང་གིས་མཉམ་འབྲེལ་འགུལ་སྐྱོད་སྤེལ་ཏེ་འཇིགས་སྐུལ་ཉེས་ཅན་བཅོ་བརྒྱད་བསད། 
2019.06.21 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 62

ནེ་ཀྲིར་རྒྱལ་སྲུང་པུའུ་ཡིས་ཚེས་ཉི་ཤུའི་ཉིན་བཤད་རྒྱུར། ནེ་ཀྲིར་དང་ཧྥ་རན་སིའི་དམག་དཔུང་གིས་ཉེ་སྔོན་ནེ་ཀྲིར་ནུབ་ཕྱོགས་ཀྱི་ཏིས་ལཱ་པེ་ལི་ཞིང་ཆེན་ནས་མཉམ་འབྲེལ་འགུལ་སྐྱོད་སྤེལ་ཏེ། འཇིགས་སྐུལ་ཉེས་ཅན་བཅོ་བརྒྱད་བསད་ཟེར། 

ནེ་ཀྲིར་གྱི་རྒྱལ་སྲུང་བློན་ཆེན་མུའུ་ཐཱ་ལི་ཡིས་གསལ་སྒྲོག་ཅིག་གི་ནང་བཤད་རྒྱུར། ནེ་ཀྲིར་གྱི་དམག་དཔུང་དང་ཧྥ་རན་སིའི་དམག་དཔུང་གིས་ཟླ་འདིའི་ཚེས་བརྒྱད་ཉིན་ནས་ཚེས་བཅོ་བརྒྱད་ཉིན་བར་ཏིས་ལཱ་པེ་ལི་ཞིང་ཆེན་གྱི་ཐུང་ཀི་ཐུང་ཀི་ས་ཁུལ་ནས་མཉམ་འབྲེལ་འགུལ་སྐྱོད་སྤེལ་ཏེ། འཇིགས་སྐུལ་ཉེས་ཅན་བཅོ་བརྒྱད་བསད་པ་དང་། འཇིགས་སྐུལ་ཉེས་ཅན་ལྔ་འཛིན་བཟུང་བྱས་པར་མ་ཟད། མཚོན་ཆ་མང་བོ་གཞུང་བཞེས་བྱས་ཡོད་ཟེར། 

འགུལ་སྐྱོད་དེ་ལས་རྒྱལ་ཁབ་གཉིས་ཀྱི་དམག་མི་ཤི་རྨས་ཐེབས་མེད། 

གསལ་སྒྲོག་ལས་བཤད་རྒྱུར། ཐེངས་འདིའི་འགུལ་སྐྱོད་ལའང་ཨ་མེ་རི་ཁའི་རྒྱབ་སྐྱོར་ཐོབ་ཡོད་ཟེར།  



ལོ་ཙཱ་བ། བསོད་ནམས་ཚེ་རིང་།