ཉིས་སྟོང་བཅུ་དགུ་ལོའི་ཚོར་སྐྱེན་སྙིང་སྟོབས་ཞེས་པའི་རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་དེ་ཀི་ལུའུ་ཅི་ཡཱ་ནས་སྤེལ།
2019.07.28 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 36

ཚབ་མིང་ལ་ཉིས་སྟོང་བཅུ་དགུ་ལོའི་ཚོར་སྐྱེན་སྙིང་སྟོབས་ཞེས་པའི་རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་དེ་ཚེས་ཉེར་བདུན་ཉིན་ནས་བཟུང་ཀི་ལུའུ་ཅི་ཡཱའི་ནུབ་ཕྱོགས་ཀྱི་སེ་ནཱ་ཅི་དམག་དོན་རྟེན་གཞི་ནས་སྤེལ་མགོ་བརྩམས། 

ཀི་ལུའུ་ཅི་ཡཱའི་རྒྱལ་སྲུང་པུའུ་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། ཨ་མེ་རི་ཁ་དང་དབྱིན་ཇི། ཕོ་ལན། ཐུར་ཁེ་སོགས་བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་བཅུ་གཉིས་དང་། ཀི་ལུའུ་ཅི་ཡཱ་དང་ཝུའུ་ཁི་ལན་བཅས་བྱང་ཆིངས་རྩ་འཛུགས་ཀྱི་ཞི་བདེའི་གྲོགས་པོའི་འབྲེལ་བའི་འཆར་གཞིའི་ཟབ་ཞུགས་རྒྱལ་ཁབ་གཉིས་ཀྱི་དམག་མི་སྟོང་གསུམ་ལྷག་ཐེངས་འདིའི་དམག་དོན་སྦྱོང་བརྡར་ལ་ཞུགས་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། ཐེངས་འདིའི་དམག་དོན་སྦྱོང་བརྡར་གྱི་དམིགས་ཡུལ་ནི་རྒྱལ་ཁབ་སོ་སོའི་དམག་དཔུང་གི་རོགས་ལས་སྦྱོང་བརྡར་དང་འཐབ་འཛིང་ནུས་པ་ཇེ་དྲག་ཏུ་བཏང་སྟེ། མཚོ་ནག་ས་ཁུལ་གྱི་གཏན་འཇགས་དང་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་ཆེད་དུ་ཡིན་ཟེར། དམག་དོན་སྦྱོང་བརྡར་དེ་ཡུལ་དངོས་ཀྱི་སྦྱོང་བརྡར་དང་བཀོད་འདོམ་ཁང་གི་སྦྱོང་བརྡར་བཅས་དུས་རིམ་གཉིས་སུ་བགོས་ཡོད་ཟེར། 

ཀི་ལུའུ་ཅི་ཡཱའི་རྒྱལ་སྲུང་པུའུ་ཡིས་བསྟན་དོན། སེ་ནེ་ཅི་དམག་དོན་རྟེན་གཞི་ནས་དུས་རིམ་དང་པོའི་སྦྱོང་བརྡར་ཡོངས་འགྲུབ་བྱས་རྗེས། དམག་དོན་སྦྱོང་བརྡར་དེ་ཨོ་ཨར་པའོ་ལོ་དང་ཝ་ཅཱ་ནེ་དམག་དོན་རྟེན་གཞི་གཉིས་ནས་མུ་མཐུད་དུ་སྤེལ་རྒྱུ་ཡིན་ཟེར། 

ཐེངས་འདིའི་རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་དེ་ཟླ་བརྒྱད་པའི་ཚེས་དགུའི་ཉིན་བར་སྤེལ་བའི་འཆར་གཞི་ཡོད་པ་རེད།



ལོ་ཙཱ་བ། བསོད་ནམས་ཚེ་རིང་།