དབྱི་སི་རལ་དང་རྒྱལ་ཁབ་མང་བོའི་མཚོ་ཐོག་དམག་དོན་སྦྱོང་བརྡར་མཇུག་སྒྲིལ་བ། 
2019.08.14 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 37

དབྱི་སི་རལ་དང་ཨ་མེ་རི་ཁ། ཧྥ་རན་སི་སོགས་རྒྱལ་ཁབ་ཀྱིས་སྤེལ་བའི་མཚོ་ཐོག་དམག་དོན་སྦྱོང་བརྡར་དེ་ཚེས་བཅུ་གཉིས་ཉིན་མཇུག་སྒྲིལ་བ་དང་། ཐེངས་འདིའི་དམག་དོན་སྦྱོང་བརྡར་གྱི་ཡུན་ཚད་གཟའ་འཁོར་གཅིག་ཡིན་ལ། གཙོ་བོ་ས་འགུལ་ཆེན་པོ་བྱུང་རྗེས་སུ་ཕྱོགས་སོ་སོས་ཇི་ལྟར་མཐུན་སྦྱོར་བྱེད་པར་སྦྱོང་བརྡར་བྱེད་རྒྱུ་རེད། 

ཐེངས་འདིའི་དམག་དོན་སྦྱོང་བརྡར་གྱི་ཚབ་མིང་ལ་རླབས་ཆེན་ཞེས་སུ་འབོད་པ་དང་། དབྱི་སི་རལ་བྱང་ཕྱོགས་ཀྱི་ཧེ་ཧྥ་གྲུ་ཁའི་ཉེ་འདབས་ནས་སྤེལ། མཚོ་དམག་གི་དཔོན་དམག་བརྒྱ་ཕྲག་འགའ་དང་དམག་གྲུ་དྲུག གྱེན་འཕུར་གནམ་གྲུ་ལྔ་བཅས་སྦྱོང་བརྡར་ལ་ཞུགས། དེ་ནི་དབྱི་སི་རལ་མཚོ་དམག་གིས་ཐོག་དང་པོར་ཆེད་དུ་ས་འགུལ་བྱུང་རྗེས་ཀྱི་གནས་ཚུལ་ལ་དམིགས་པའི་དམག་དོན་སྦྱོང་བརྡར་སྤེལ་བ་རེད། 

ཐེངས་འདིའི་དམག་དོན་སྦྱོང་བརྡར་ནས་དབྱི་སི་རལ་གྱི་བྱང་ཕྱོགས་ས་ཁུལ་དུ་ས་འགུལ་ཆེན་པོ་བྱུང་སྟེ། མི་སྣར་ཤི་རྨས་དང་རྨང་གཞིའི་སྒྲིག་ཆས་ལ་གཏོར་བརླག་བཟོས་པར་ལད་མོ་བྱས་ཡོད། དམག་དོན་སྦྱོང་བརྡར་ལ་ཞུགས་པའི་མི་སྣས་ས་འགུལ་བྱུང་རྗེས་མི་ཆོས་རིང་ལུགས་ཀྱི་རྒུད་སྐྱོབ་དངོས་རྫས་སྐྱེལ་འདྲེན་བྱེད་པའི་མཚོ་ཐོག་གི་བགྲོད་ལམ་ཞིག་ཇི་ལྟར་འཛུགས་པར་སྦྱོང་བརྡར་བྱས་པ་དང་། ཞོར་དུ་ས་འགུལ་བྱུང་རྗེས་རྒུད་སྐྱོབ་བྱེད་པའི་རྒྱལ་ཁབ་སོ་སོ་དང་རྒྱལ་སྤྱིའི་རྩ་འཛུགས་ཀྱི་རྒུད་སྐྱོབ་རུ་ཁག་གིས་ཇི་ལྟར་ཕན་ནུས་ལྡན་པའི་མཉམ་ལས་བྱེད་པར་སྦྱོང་བརྡར་བྱས། 

རྒྱུས་ལོན་བྱུང་བ་ལྟར་ན། ཨ་མེ་རི་ཁ་དང་ཧྥ་རན་སི། ཞི་ལཱ་བཅས་ཀྱི་མཚོ་དམག་གིས་དམག་གྲུ་མངག་ནས་ཐེངས་འདིའི་དམག་དོན་སྦྱོང་བརྡར་ལ་ཞུགས་པ་དང་། དབྱིན་ཇི་དང་འཇར་མན། ཁཱ་ནཱ་ཏཱ་སོགས་རྒྱལ་ཁབ་ཀྱིས་མི་སྣ་མངག་ནས་དམག་དོན་སྦྱོང་བརྡར་ལ་ཞུགས་པའམ་ཡང་ན་ལྟ་སྦྱོང་བྱེད་པའི་འཐུས་མི་མངག་ཡོད། 



ལོ་ཙཱ་བ། བསོད་ནམས་ཚེ་རིང་།