ཨུ་རུ་སི་དང་སེར་ཝེ་ཡཱ་ཡིས་ཨུ་རུ་སི་ནས་མཉམ་འབྲེལ་དམག་དོན་སྦྱོང་བརྡར་སྤེལ། 
2019.09.06 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 48

ཨུ་རུ་སིའི་ནུབ་ཕྱོགས་དམག་ཁུལ་གྱིས་ཚེས་ལྔ་ཉིན་སྤེལ་བའི་གནས་ཚུལ་ལྟར་ན། ཨུ་རུ་སི་དང་སེར་ཝེ་ཡཱའི་དམག་དཔུང་གིས་ཉིན་དེར་ལེ་ཉིན་ཀི་ལེ་ཀྲིག་གི་ཅི་ལི་ལོ་ཧྥུའུ་སི་ཅི་མདའ་འཕེན་ར་བ་ནས་མཉམ་འབྲེལ་དམག་དོན་སྦྱོང་བརྡར་སྤེལ་མགོ་བརྩམས་ཟེར། 

བསྒྲགས་པ་ལྟར་ན། ཐེངས་འདིའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་གྱི་དམིགས་ཡུལ་ནི་ཕྱོགས་གཉིས་ཀྱི་མཉམ་འབྲེལ་བཀོད་འདོམ་དང་མྱུལ་ཞིབ་ལས་འགན་ལག་བསྟར། ལད་བཟོའི་དགྲ་བོར་ཆམ་ཕབ་གཏོང་བ་སོགས་ཐད་ཀྱི་རོགས་ལས་ནུས་པ་ཇེ་དྲག་ཏུ་གཏོང་བའི་ཆེད་ཟེར། 

ཉིན་དེའི་དམག་དོན་སྦྱོང་བརྡར་ཁྲོད། སྦྱོང་བརྡར་ལ་ཞུགས་པའི་མི་སྣས་མཁའ་སྲུང་མཚོན་ཆ་དངT-72B3རྟགས་ཅན་གྱི་ཐན་ཁི་འཁོར་ལོ་སོགས་བེད་སྤྱད་དེ་ལད་བཟོའི་དགྲ་བོར་རྒོལ་ལན་སྤྲད། 

རྒྱུས་ལོན་བྱུང་བ་ལྟར་ན། ཨུ་རུ་སིའི་ནུབ་ཕྱོགས་དམག་ཁུལ་དང་སེར་ཝེ་ཡཱའི་དྲག་ཆས་དམག་དཔུང་ནས་ཡོང་བའི་དམག་མི་སྟོང་གཅིག་ལྷག་དང་དམག་དོན་སྒྲིག་ཆས་ཉིས་བརྒྱ་ཙམ་ཐེངས་འདིའི་དམག་དོན་སྦྱོང་བརྡར་ལ་ཞུགས་ཡོད། 



ལོ་ཙཱ་བ། བསོད་ནམས་ཚེ་རིང་།