ཟླ་གཉིས་པའི་ཚེས་ཉེར་བརྒྱད་ཉིན། རྒྱལ་ཁབ་མང་བོའི་དམག་མི་ཐེ་གོའི་ལོ་ཡུང་མངའ་སྡེའི་ཝུའུ་ཐཱ་པའོ་མཚོ་དམག་རྟེན་གཞི་ནས་མཉམ་འབྲེལ་དམག་དོན་སྦྱོང་བརྡར་མགོ་རྩོམ་པའི་མཛད་སྒོར་ཞུགས།

ཉིས་སྟོང་ཉེར་གསུམ་ལོའི་གསེར་མདོག་གི་སྦྲུལ་ཞེས་པའི་རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་ཟླ་གཉིས་པའི་ཚེས་ཉེར་བརྒྱད་ཉིན་ཐེ་གོའི་ལོ་ཡུང་མངའ་སྡེའི་ཝུའུ་ཐཱ་པའོ་མཚོ་དམག་རྟེན་གཞི་ནས་སྤེལ་མགོ་བརྩམས་པ་དང་། དེ་ནི་དམག་དོན་སྦྱོང་བརྡར་དེ་ལོ་ངོ་གསུམ་གྱི་རྗེས་སུ་ཡང་བསྐྱར་རིམས་ནད་མ་བྱུང་སྔོན་གྱི་གཞི་རྒྱ་ལྟར་སྤེལ་བ་རེད།
ཐེ་གོའི་རྒྱལ་བོ་ཚང་གི་དྲག་ཆས་དམག་དཔུང་གི་ཆེས་མཐོའི་དམག་སྤྱི་ཁྲ་ལིན་ཕིན་ཞི་སཱ་ཝ་ཡིས་མགོ་རྩོམ་པའི་མཛད་སྒོའི་སྟེང་བཤད་རྒྱུར། བསྡོམས་པས་རྒྱལ་ཁབ་སུམ་ཅུ་དང་མི་སྟོང་བདུན་ལྷག་ཉིས་སྟོང་ཉེར་གསུམ་ལོའི་གསེར་མདོག་གི་སྦྲུལ་ཞེས་པའི་རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་ལ་ཞུགས་ཡོད། དམག་དོན་སྦྱོང་བརྡར་ལ་ཞུགས་པའི་མི་སྣ་དག་གིས་གོ་སྐབས་དེ་བེད་སྤྱད་དེ་མཛའ་བཤེས་ཇེ་ཟབ་ཏུ་གཏོང་བ་དང་ཉམས་མྱོང་མཉམ་སྤྱོད་བྱེད་པ། ཕན་ཚུན་བར་གྱི་རྒྱུས་ལོན་ཇེ་ཟབ་ཏུ་བཏང་ནས་མཉམ་དུ་འགྲན་རྩོད་ཐག་གཅོད་བྱེད་དགོས་པའི་རེ་བ་བཏོན།
ཐེ་གོའི་དམག་ཕྱོགས་ཀྱིས་བསྒྲགས་པ་ལྟར་ན། ཐེངས་འདིའི་དམག་དོན་སྦྱོང་བརྡར་ནི་ཟླ་གཉིས་པའི་ཚེས་ཉེར་བདུན་ཉིན་ནས་ཟླ་གསུམ་པའི་ཚེས་བཅུ་ཉིན་བར་སྤེལ་རྒྱུ་ཡིན་པ་དང་། སྦྱོང་བརྡར་རྣམ་གྲངས་གཙོ་བོར་བཀོད་འདོམ་ཁང་གི་སྦྱོང་བརྡར་དང་། མི་ཆོས་རིང་ལུགས་ཀྱི་རྒུད་སྐྱོབ་གནོད་སེལ་སྦྱོང་བརྡར། ཐང་འཐབ་ཀྱི་དམག་དོན་སྦྱོང་བརྡར་སོགས་འདུས་ཡོད་ལ། དམག་དོན་སྦྱོང་བརྡར་དེའི་དམིགས་ཡུལ་ནི་སྦྱོང་བརྡར་ལ་ཞུགས་པའི་རྒྱལ་ཁབ་བར་གྱི་དམག་དོན་འབྲེལ་བ་བཟང་བོ་ཇེ་ཟབ་ཏུ་གཏོང་བ་དང་རྒྱལ་ཁབ་མང་བོའི་མཉམ་འབྲེལ་རོགས་ལས་ཀྱི་ཚད་གཞིར་དཔྱད་འཇོག་བྱེད་པའི་ཆེད་ཡིན་ཟེར། པྲོག་གསར་གློ་ཚད་རིམས་ནད་ལ་ཚོད་འཛིན་ཐོབ་པར་གཞིགས་ནས་སྤྱི་ཚོགས་འཚོ་བའང་ཕྱོགས་ཡོངས་ནས་སླར་གསོ་བྱུང་སྟེ་རྒྱུན་ལྡན་དུ་གྱུར་ཡོད། དེ་བས་ད་ལོའི་དམག་དོན་སྦྱོང་བརྡར་དེ་རིམས་ནད་མ་བྱུང་སྔོན་གྱི་གཞི་རྒྱ་སླར་གསོ་བྱུང་ཡོད་པ་རེད།
རྒྱུས་ལོན་བྱུང་བ་ལྟར་ན། ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་ལྷོ་ཕྱོགས་འཐབ་ཁུལ་གྱི་སྐམ་དམག་གིས་ཡན་ལག་རུ་ཁག་མངག་ནས་ཉིས་སྟོང་ཉེར་གསུམ་ལོའི་གསེར་མདོག་གི་སྦྲུལ་ཞེས་པའི་རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་གྱི་མི་ཆོས་རིང་ལུགས་རྒུད་སྐྱོབ་གནོད་སེལ་གྱི་སྦྱོང་བརྡར་ལ་ཞུགས་རྒྱུ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།