གསར་འགོད་པས་མཚོ་བོད་ལྕགས་ལམ་ཀུང་ཟི་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉིས་སྟོང་བཅུ་གསུམ་ལོར་མཚོ་བོད་ལྕགས་ལམ་ཀུང་ཟིས་སྐྱེལ་འདྲེན་ལམ་སྲོལ་ལེགས་བཅོས་གཏིང་ཟབ་དང་། སྐྱེལ་འདྲེན་གྱི་འཕེལ་རྒྱས་ཐབས་ལམ་ལ་འགྱུར་ལྡོག་བཏང་པས་མཚོ་བོད་བོད་ལྕགས་ལམ་གྱི་སྐྱེལ་འདྲེན་ལ་གྲུབ་འབྲས་ཆེན་པོ་ཐོབ། ལོ་ཧྲིལ་པོར་འགྲུལ་བ་མི་གྲངས་ས་ཡ་བདུན་དང་འབུམ་ལྔ་ཁྲི་གཅིག་སྟོང་ལྔ་དང་། དངོས་ཟོག་ཏུན་སྟོང་བཞི་ལྷག་དབོར་འདྲེན་བྱས་པ་དེ་དུས་མཉམ་ལས་སྐྱེལ་འདྲེན་བྱེད་ཚད་ཁག་སོ་སོར་འགྲུལ་པ་མི་གྲངས་འབུམ་དྲུག་ཁྲི་བདུན་སྟོང་གསུམ་དང་དངོས་ཟོག་ཏུན་ཉེར་དགུ་འཕར་སྣོན་བྱུང་།
འགྲུལ་བ་དང་དངོས་ཟོག་སྐྱེལ་འདྲེན་རྒྱུན་མཐུད་ངང་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་པས་བོད་ལྗོངས་དང་མཚོ་སྔོན་ཞིང་ཆེན་གཉིས་ཀྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཐད་དབོར་འདྲེན་ནུས་པའི་འགན་ལེན་བྱས།