མཚོ་སྔོན་ཞིང་ཆེན་ཐད་གཏོགས་ལས་ཁུངས་སོ་སོས་ལས་བྱེད་པ་དང་ལས་བཟོ་བས་ཞི་ཅིན་ཕེན་གྱིས་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ཏུ་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་བྱས།
2016.03.26 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

བསྟུད་མར་ཉིན་འགའི་རིང་ལ་མཚོ་སྔོན་ཞིང་ཆེན་ཐད་གཏོགས་ལས་ཁུངས་སོ་སོས་ལས་བྱེད་པ་དང་ལས་བཟོ་བའི་ཚོགས་ཆེན་དང་། ཆེད་དོན་སློབ་སྦྱོང་ཚོགས་འདུ་བསྡུས་ནས། ནན་ཏན་སྒོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ཏུ་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་བྱས། ཚང་མས་གཅིག་གྱུར་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དེ་རྩ་བའི་སྲུང་བྱར་བརྩིས་ནས། རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་དམིགས་འབེན་མངོན་འགྱུར་བྱེད་པ་དང་དམ་དུ་དམིགས་དགོས་པ་དང་། རིགས་སོ་སོའི་མང་ཚོགས་བདེ་སྐྱིད་ཀྱི་འཚོ་བ་རོལ་བའི་རེ་བ་གསར་བ་དང་བསྟུན་པར་བྱེད་པ། ཡང་དག་པའི་སྒོ་ནས་བྱ་བའི་འབད་བརྩོན་བྱེད་ས་ཁོང་དུ་ཆུད་པར་བྱེད་པ། རང་འགུལ་གྱིས་བྱ་བ་བསྒྲུབ་ཏེ། རང་ཞིང་གི་བྱ་བ་སྣ་ཚོགས་ཐད་ལ་གྲུབ་འབྲས་གསར་བ་ལེན་པར་སྐུལ་འདེད་གཏོང་དགོས་སྙམ།

ཚང་མས་བལྟས་ན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་ལས་བསམ་བློ་གཏིང་ཟབ་ཅིང་། ནང་དོན་ཕུན་སུམ་ཚོགས་ལ། གནད་ས་འབུར་དུ་ཐོན་ཡོད་པས། མཚོ་སྔོན་གྱི་མ་འོངས་བ་འཕེལ་རྒྱས་སུ་གཏོང་བའི་འགུལ