བསྟུད་མར་ཉིན་འགའི་རིང་ལ་མཚོ་སྔོན་གྱི་ལས་རིགས་ཁག་གི་ལས་བྱེད་པ་རྣམས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་བྱས།
2016.03.27 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

བསྟུད་མར་ཉིན་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་ལས་རིགས་སོ་སོའི་ལས་བྱེད་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་ཐེངས་བཞི་བའི་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་བྱས། ཚང་མས་གཅིག་གྱུར་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་ལས། མཚོ་སྔོན་ཞིང་ཆེན་གྱིས་འཕེལ་རྒྱས་ཆེན་པོ་ལྔའི་འདུ་ཤེས་བརྟན་པོ་ཆགས་པར་བྱེད་པ་དང་། རྒྱལ་ཁབ་ནུས་ཁུངས་གཙོ་བོའི་འཆར་གཞི་དངོས་འབེབས་བྱས་ནས། ཤུགས་ཆེན་པོས་ཁུལ་གསུམ་འཛུགས་སྐྲུན་བྱེད་པར་གཞི་རྩའི་འགན་སྲུང་དང་འགུལ་སྐྱོད་ཀྱི་ཁ་ཕྱོགས་བསྟན་ཡོད་ཟེར།

ཟི་ལིང་གྲོང་ཁྱེར་ལྷོ་རི་ལྗང་སྒྱུར་བཀོད་འདོམས་པུའུ་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གཞོན་པ་དབྱང་ཁྲང་ཨན་གྱིས་བཤད་རྒྱུར། རང་གི་མིག་ལ་སྲུང་སྐྱོབ་བྱེད་པ་བཞིན་དུ་མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་རྒྱུ་དེ་ནི། ང་ཚོ་ནགས་ལས་བྱ་བ་སྒྲུབ་མཁན་ལ་བཏོན་པའི་རེ་བ་ཆེན་པོ་ཡིན་པས། ང་ཚོ་ནགས་ལས་བྱ་བ་སྒྲུབ་མཁན་རེ་རེར་མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་གྱི་སྔོན་སྐྱོད་ཁུལ་འཛུགས་སྐྲུན་བྱེད་པའི་འདོད་བློ་ཆེན་པོ་ཡོད་ལ། ཟི་ལིང་གྲོང་ཁྱེར་ཞིང་ཆེན་ཡོངས་ཀྱ