མཚོ་སྔོན་གྱིས་ལས་བྱེད་པ་དོན་དྲུག་ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་དང་ཀྲུང་དབྱང་གི་ཁེ་ལས། ཁ་གཏད་རོགས་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་བཅས་སུ་ལས་འཁུར་སྦྱོང་བརྡར་དུ་མངགས།
2016.03.27 ཁུངས། གུང་ཁྲན་ཏང་གི་དྲ་བ། ཀློག་གྲངས། 0

མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་དང་། ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ། ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་བཅས་ཀྱིས་ཚེས་ཉེར་ལྔ་ཉིན་ཟི་ལིང་ནས་ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་དང་། ཀྲུང་དབྱང་ཁེ་ལས་། ཁ་གཏད་རོགས་སྐྱོར་གྱི་ཞིང་ཆེན་དང་གྲོང་ཁྱེར་བཅས་སུ་ལས་འཁུར་སྦྱོང་རྡར་བྱེད་པའི་ལས་བྱེད་པའི་བཞུགས་མོལ་ཚོགས་འདུ་བསྡུས།

གྲོས་ཚོགས་ནས་བསྟན་དོན། མངག་གཏོང་བྱས་པའི་ལས་བྱེད་པས་ཀྲུང་དབྱང་ལས་ཁུངས་དང་དཔལ་འབྱོར་དར་རྒྱས་ས་ཁུལ་ནས་ལས་འཁུར་སྦྱོང་རྡར་བྱས་ཏེ། རྒྱལ་ཡོངས་ནས་ལས་བྱེད་པའི་ལས་འཁུར་བརྗེ་རེས་བྱེད་པ་དེ་ནི་ཀྲུང་དབྱང་གིས་མཚོ་སྔོན་སོགས་ནུབ་རྒྱུད་དང་གྲངས་ཉུང་མི་རིགས་ས་ཁུལ་གཞན་དག་ལ་ཐུགས་ཁུར་དང་དོ་སྣང་ཆེན་པོ་བྱས་པ་ཞིག་ཡིན་ལ། ལས་བྱེད་པའི་དཔུང་སྡེ་འཛུགས་སྐྲུན་བྱེད་པའི་ཐབས་ལམ་གསར་གཏོད་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཀྱང་རེད། ཀྲུང་དབྱང་གི་པུའུ་དང་ཨུ་ཡོན་ལྷན་ཁང་གསུམ་གྱིས་ལས་ཁུར་སྦྱོང་རྡར་བྱ་བ་སྤེལ་ཏེ་ལོ་ངོ་ཉེར་དྲུག་གི་རིང་ལ། མཚོ་སྔོན་ཞིང་ཆེན་གྱིས་བསྡོམས་པས་སྐོར་ཐེངས་ཉེར་དྲུག་ལ་རིམ་པ་སོ་སོའི་ལས་བྱེད་པ་བདུན་བརྒྱ་དང་ཞེ་དགུ་ལྷག་ལས་འཁུར་སྦྱོང་རྡར་དུ་མངགས། པུའུ་དང་ཨུ་ཡོན་ལྷན་ཁང་གསུམ་གྱིས་ལས་ཁུར་ས