མཚོ་སྔོན་ཞིང་ཆེན་གྱི་ཞིང་ཆེན་རིམ་པ་ཡན་གྱི་དེང་རབས་ཞིང་ལས་དཔེ་སྟོན་ཁུལ་བཅོ་ལྔར་སླེབས།
2016.03.28 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ་གསུམ་པའི་ཚེས་ཉེར་གཅིག་ཉིན། མཚོ་སྔོན་ཞིང་ཆེན་ཞིང་ཕྱུགས་ཐིན་གྱིས་རྫོང་རིམ་པའི་དེང་རབས་ཞིང་ལས་དཔེ་སྟོན་ཁུལ་བདུན་ཞིང་ཆེན་རིམ་པའི་དེང་རབས་ཞིང་ལས་དཔེ་སྟོན་ཁུལ་དུ་གཏན་ཁེལ་བྱས་ནས། ཞིང་ཆེན་ཡོངས་ཀྱི་ཞིང་ཆེན་རིམ་པ་ཡན་གྱི་དེང་རབས་ཞིང་ལས་དཔེ་སྟོན་ཁུལ་བཅོ་ལྔར་སླེབས་པ་དང་། དེའི་ཁྲོད་རྒྱལ་ཁབ་རིམ་པའི་དཔེ་སྟོན་ཁུལ་བཞི་དང་། ཞིང་ཆེན་རིམ་པའི་དཔེ་སྟོན་ཁུལ་བཅུ་གཅིག་ཡོད།

ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་གྱི་ས་ཆ་སོ་སོས་ནོར་སྲིད་མ་དངུལ་གཏོང་བ་དང་། ལས་གཞི་མཉམ་བསྲེས་བྱེད་པ། ཚོང་འགུག་དངུལ་འདྲེན་སོགས་ལམ་བུ་མང་པོ་བརྒྱུད་དེ། ཞིང་ཕྱུགས་ལས་ཐད་ཀྱི་སྣ་མང་དངུལ་གཏོང་རྐྱེན་སྲོལ་དང་ལེགས་བསྡུས་ཅན་གྱི་ཚོང་གཉེར་རྐྱེན་སྲོལ། རིགས་གསར་བའི་ཞིང་ཕྱུགས་ལས་ཚོང་གཉེར་མ་ལག་གསར་སྐྲུན་བྱས་པ་དང་། དེང་རབས་ཞིང་ལས་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་པ། ཞིང་ཕྱུགས་ལས་དེང་རབས་ཅན་མགྱོགས་མྱུར་སྒོས་འཕེལ་རྒྱས་སུ་གཏོང་བ་བཅས་བྱས་ནས་གྲུབ་འབྲས་ཐོག་མ་བླངས།

རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་ཞིང་ཆེན་ཞིང་ཕྱུགས་ཐིན་གྱིས་ཐེངས་འདིར་གཏན་ཁེལ་བྱས་པའི་ཞིང་ཆེན་རིམ་པའི་དེང་རབས་ཞིང་ལས་དཔེ་སྟོན་ཁུལ་ནི་ཟི་ལིང་གྲོང་ཁྱེར་ཧོང་ཀྲུང་རྫོང་དང་།