མཚོ་སྔོན་ཞིང་ཆེན་ནོར་སྲིད་ཀྱིས་མ་དངུལ་སྒོར་མོ་དུང་ཕྱུར་བཞི་བཏང་ནས་གློག་ཤུགས་ཉོ་ཚོང་ཚོད་ལྟའི་བྱ་བར་རྒྱབ་སྐྱོར་བྱས།
2016.03.28 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

མཚོ་སྔོན་ཞིང་ཆེན་ནོར་སྲིད་ཀྱིས་ཉེ་ལམ་གློག་ཤུགས་སྒྲིག་ཆས་ཉོ་བའི་ཆ་ཚང་མ་དངུལ་སྒོར་མོ་དུང་ཕྱུར་བཞི་བཏང་ནས། གློག་ཤུགས་ཐད་ཀར་ཉོ་ཚོང་ཚོད་ལྟའི་བྱ་བར་རྒྱབ་སྐྱོར་བྱས་ཤིང་། གློག་བརྟེན་ཧ་ཡང་དབྱེ་འབྱེད་སོགས་ཐད་ལ་གློག་བཀོལ་ཚད་མང་བའི་ལས་རིགས་ཐོན་སྐྱེད་ཀྱི་མ་རྩ་ཇེ་དམའ་རུ་བཏང་བ་དེས། ཞིང་ཆེན་ཡོངས་ཀྱི་བཟོ་ལས་དཔལ་འབྱོར་བརྟན་འཇགས་ངང་འཕར་སྣོན་གཏོང་བའི་ཐད་ལ་ནུས་པ་གལ་ཆེན་ལྡན།

དེང་སྐབས་ཀྱི་གློག་བརྟེན་ཧ་ཡང་དབྱེ་འབྱེད་སོགས་མ་བཅོས་རྒྱུ་ཆའི་བཟོ་ལས་ཐོན་སྐྱེད་ཀྱི་ཚོང་གཉེར་ཐད་ལ་དཀའ་ཁག་ཆེན་པོ་བཟོས། འབྲེལ་ཡོད་ལས་རིགས་གཙོ་བོ་དང་སྟོད་སྨད་རྒྱུད་ཀྱི་ཁེ་ལས་བརྟན་འཇགས་འཁོར་རྒྱུག་ཐད་ལ་ཤན་ཤུགས་ཅུང་ཆེན་པོ་ཐེབས་པའི་གནས་ཚུལ་འོག ཞིང་ཆེན་སྲིད་གཞུང་གིས་ཐག་གིས་བཅད་པའི་གློག་ཤུགས་ཐད་ཀར་ཉོ་ཚོང་ཚོད་ལྟའི་བྱ་བ་སྤེལ་བའི་བཀོད་སྒྲིག་དང་རེ་བ་ལྟར། ཞིང་ཆེན་ནོར་སྲིད་ཕྱོགས་བསྡུས་ཀྱིས་ཁེ་ལས་ཀྱིས་གློག་བཀོལ་བའི་དགོས་མཁོ་དང་ནོར་སྲིད་ཀྱི་འགན་ཁུར་ཐུབ་པའི་ནུས་པར་འདང་བརྒྱབ་སྟེ། གློག་ཤུགས་སྒྲིག་ཆས་ཉོ་བའི་ཆ་ཚང་མ་དངུལ་སྒོར་མོ་དུང་ཕྱུར་བཞི་བཀོད་སྒྲིག་བྱས་ནས། དེར་ཞུགས་པ་དང་ཐད་ཀར་དུ་ཉོ་ཚོང་བྱེད་པའི་གློག་བཀོལ་བའི་ཁྱིམ་ཚང་ལ་སྟོང་ཝ་གཅིག་ལ་སྐར་གཅིག་ནས་སྐ