ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་སྐབས་སུ་མཚོ་སྔོན་གྱིས་ལྗང་མདོག་དང་ནུས་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོབ་ཐོན་ལས་ཐད་ལ་འཕེལ་རིམ་གསར་བ་བླངས།
2016.03.28 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 1

ཉེ་ལམ་གསར་འགོད་པས་མཚོ་སྔོན་ཞིང་ཆེན་དཔལ་འབྱོར་དང་ཆ་འཕྲིན་ཅན་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། “ལོ་ལྔའི་འཆར་གཞི་བཅུ་གཉིས་པའི”སྐབས་སུ་མཚོ་སྔོན་ཞིང་ཆེན་གྱིས་ལྗང་མདོག་དང་། ཐཱན་ཉུང་། འཁོར་སྐྱོད་བཅས་ཀྱི་འཕེལ་རྒྱས་ཁ་ཕྱོགས་ཁོང་དུ་ཆུད་པར་བྱས་ནས། ནུས་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་ཐོན་ལས་ཐད་ལ་འཕེལ་རིམ་གསར་བ་བླངས།

ནུས་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོབ་ཐོན་ལས་བྱ་བ་སྤེལ་མགོ་རྩོམ་པའི་དུས་རིམ་དུ་སླེབས་ཤིང་། སྤྱིའི་གཞི་ཁྱོན་ཆུང་ཞིང་། དངོས་ཤུགས་ཞན་པ། ཐོན་རྫས་ཀྱི་སྣ་ཁ་ཉུང་བས། ཁེ་ལས་གཙོ་བོའི་སྣེ་ཁྲིད་པར་དཀའ་ཁག་ཆེན་པོ་ཐེབས་ནས། ཐོན་ལས་གཞི་ཁྱོན་གྱི་ཕན་ནུས་དང་གཅིག་བསྡུས་ཕན་ནུས་མི་གསལ་བ་དང་། ཐོན་ལས་ཀྱི་ཕྱོགས་བསྡུས་འགྲན་རྩོད་ནུས་པ་རིམ་བཞིན་མི་འདང་། ཡིན་ནའང“ལོ་ལྔའི་འཆར་གཞི་བཅུ་གཉིས་པའི”སྐབས་སུ། མཚོ་སྔོན་གྱི་ཁོར་ཡུག་སྲུང་སྐྱོབ་ཐོན་ལས་ལ་འཕེལ་རིམ་གསར་བ་བླངས་པ་མ་ཟད་ནུས་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོབ་སྒྲིག་ཆས་དང་ཐོན་རྫས་ཞིབ་འཇུག་གསར་སྤེལ་གསར་བཟོ། ནུས་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་སྔོན་ཐོན་ལག་རྩལ་ལག་རྩལ་དང་ཉེར་སྤྱོད་ལག་རྩལ་ཁྱབ་གདལ་དུ་གཏོང་བ་དང་། ནུས་ཁུངས་