མཚོ་སྔོན་ཞིང་ཆེན་ཏང་ཨུས«སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱེད་པའི་སྐོར་གྱི་ལག་བསྟར་བསམ་འཆར»དཔར་ནས་བཀ
2016.03.29 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 1

མཚོ་སྔོན་ཞིང་ཆེན་ཏང་ཨུས«སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱེད་པའི་སྐོར་གྱི་ལག་བསྟར་བསམ་འཆར»དཔར་ནས་བཀྲམ། «བསམ་འཆར»དེས་ཕྱོགས་ལྔའི་ཐད་ཀྱི་བྱེད་ཐབས་གལ་ཆེན་ཉེར་གཉིས་བཏོན་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱེད་པར་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས་ཡོད།

«བསམ་འཆར»ལས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་ལས། ཉེ་བའི་ལོ་འགའི་རིང་ལ་མཚོ་སྔོན་ཞིང་ཆེན་གྱིས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་པ་དང་། མཚོ་སྔོན་གྱི་འཕེལ་རྒྱས་འབད་འཐབ་ཁ་ཕྱོགས་སྔར་ལས་གཏན་ཁེལ་བྱས་ལ། མཚོ་སྔོན་གྱི་བྱ་བར་ཤུགས་སྣོན་པའི་གནད་ས་འབུར་དུ་ཐོན་པར་བྱས་ཡོད། གསུང་བཤད་ཀྱི་བསམ་བློ་གཏིང་ཟབ་ཅིང་། ནང་དོན་ཕུན་སུམ་ཚོགས་ལ། དམིགས་ཡུལ་རང་བཞིན་དང་མཛུབ་སྟོན་རང་བཞིན་ལྡན་པས། མཚོ་སྔོན་གྱི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་མགོ་བཟང་བོ་རྩོམ་པ་དང་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའ