ཐུན་ཏེ་རྫོང་གིས་རྫོང་ཡོངས་སུ་སྤྱི་ཚོགས་འགན་སྲུང་གཅིག་སྤྱོད་བྱང་བུ་སྟེར་པའི་ལས་གཞི་བརྟན་བརླིང་དང་གོ་རིམ་ལྡན་པའི་སྒོ་ནས་ལག་བསྟར་བྱས།
2016.03.29 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 1

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་གིས་དམངས་ཕན་བཟོ་སྐྲུན་གྱི་བྱེད་ཐབས་གལ་ཆེན་དང་སྤྱི་ཚོགས་འགན་སྲུང་བཅོས་སྒྱུར་ལ་སྐུལ་སྤེལ་བྱེད་པའི་དམངས་ཚིས་བཟོ་སྐྲུན་གལ་ཆེན་ཏེ། རྫོང་ཡོངས་སུ་སྤྱི་ཚོགས་འགན་སྲུང་གཅིག་གྱུར་བྱང་བུ་སྟེར་བའི་ལས་གཞི་བརྟན་བརླིང་དང་གོ་རིམ་ལདྣ་པའི་ངང་ལག་བསྟར་བྱས། མིག་སྔའི་བར་དུ། རྫོང་ཡོངས་ཀྱི་མཁར་གྲོང་ལས་བཟོ་བར་ཁ་གཏད་དེ་སྤྱི་ཚོགས་འགན་སྲུང་བྱང་བུ་སྟོང་གཅིག་ཉིས་བརྒྱ་བརྒྱད་ཅུ་བྱིན་ལ། དེ་སྟེར་བའི་ཁྱབ་ཚད་ནི་བརྒྱ་ཆའི་སོ་གསུམ་རེད། ཟླ་བཞི་བའི་ཟླ་མཇུག་ལ་ལས་གཞི་དེ་ཡོངས་འགྲུབ་བྱེད་རྒྱུ་རེད།

རྒྱལ་ཡོངས་ཀྱིས་འགན་བཅོལ་སྣ་ལྔ་གཅིག་སྒྱུར་བྱེད་པའི་སྤྱི་ཚོགས་འགན་བཅོལ་ཆ་འཕྲིན་མ་ལག་འཛུགས་པའི་རེ་བ་ལྟར། ཐུན་ཏེ་རྫོང་གིས་ད་ལོའི་ལོ་མགོ་ནས་བཟུང་སྤྱི་ཚོགས་འགན་སྲུང་གི་བྱང་བུ་བཟོ་མགོ་བརྩམས་པ་ནས་བཟུང་། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཁག་གིས་ཆ་འཕྲིན་འཚོལ་སྡུད་དང་ལེགས་སྒྲིག་སོགས་རྨང་གཞིའི་ལས་ཀ་འབོར་ཆེན་བསྒྲུབས། ལས་ཀ་གཙོ་བོ་ནི་བྱང་བུ་འཛིན་མཁན་གྱི་རྒྱུ་ཆ་བསྡུ་བ་དང་གཏན་ཁེལ་བྱེད