ཁྱིམ་གཞི་མཛེས་བསྒྱུར་འགུལ་སྐྱོད་ཀྱིས་མཚོ་སྔོན་ཞིང་ཆེན་གྱི་རོང་འབྲོག་དམངས་ས་ཡ་གཅིག་དང་འབུམ་བདུན་ཁྲི་ལྔ་ལ་ཕན་བཏགས།
2016.03.29 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ་གསུམ་པའི་ཚེས་ཉེར་བརྒྱད་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཁོར་ཡུག་སྲུང་སྐྱོབ་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་གྱིས་ཁྱིམ་གཞི་མཛེས་བསྒྱུར་འགུལ་སྐྱོད་སྤེལ་ནས། མུ་འབྲེལ་བཅོས་སྐྱོང་བྱས་པས། རོང་འབྲོག་ཁུལ་གྱི་ཁོར་ཡུག་མུ་མཐུད་ནས་ཇེ་ལེགས་སུ་སོང་། གཙོ་བོར་ཞིང་སྡེའི་འཚོ་བའི་གད་སྙིགས་གཙང་དག་བྱེད་པ་དང་། འཚོ་བའི་བཙོག་ཆུའི་བཙོག་བཟོ་ཐག་གཅོད་པ། འཐུང་ཆུའི་མགོ་ཁུངས་ལ་སྲུང་སྐྱོབ་བྱེད་པ། མི་ཕྱུགས་ཀྱི་བཤང་ལྕི་ལ་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པ་བཅས་བྱས་ཏེ། བསྡོམས་པས་ཆེད་སྤྱོད་མ་དངུལ་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་བཞི་བྱེ་བ་ལྔ་བཏང་སྟེ། གྲོང་སྡེ་དང་འབྲོག་དམངས་གཏན་སྡོད་བྱེད་ས་སྟོང་གཉིས་དང་བཅོ་ལྔ་ལས་པ་དང་། དེའི་ཁེབས་ཚད་བརྒྱ་ཆའི་ཞེ་ལྔར་སླེབས་ནས། ཞིང་ཆེན་ཡོངས་ཀྱི་རོང་འབྲོག་མང་ཚོགས་ས་ཡ་གཅིག་དང་འབུམ་བདུན་ཁྲི་ལྔར་ཕན་བཏགས།

མཚོ་སྔོན་ཞིང་ཆེན་ཁོར་ཡུག་སྲུང་སྐྱོབ་ཐིན་གྱི་འབྲེལ་ཡོད་འགན་ཁུར་མི་སྣས་མཚམས་སྦྱོར་བྱས་པ་ལྟར་ན། ཉེ་བའི་ལོ་ལྔའི་རིང་ལ། མཚོ་སྔོན་ཞིང་ཆེན་ཁོར་ཡུག་སྲུང་སྐྱོབ་ཐིན་གྱིས་ཧུར་ཐག་གིས་རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུའི་རྒྱབ་སྐྱོར་བརྩོན་ལེན་བྱས་ནས། ཞིང་སྡེའི་ཁོར་ཡུག་ཕྱོ