ཁྲང་ཧྲ་ནས་ཟི་ལིང་བརྒྱུད་དེ་ཝུའུ་ལུའུ་མུའུ་ཆི་བར་དུ་མཁའ་ལམ་བཏོད།
2016.03.29 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

རྒྱ་ཆེའི་མང་ཚོགས་ཡར་འགྲོ་མར་འོང་བྱེད་པར་སྟབས་བདེ་བཟོ་ཆེད། ཚེས་ཉེར་བདུན་ཉིན་མཚོ་སྔོན་གནམ་གྲུ་ཐང་ཀུང་ཟི་དང་ཨོ་ཁེ་མཁའ་སྐྱོད་ཀུང་ཟི་གཉིས་ཀྱིས་མཉམ་འབྲེལ་སྒོས་གསར་དུ་ཕྱེས་པའི་ཁྲང་ཧྲ་ནས་ཟི་ལིང་བརྒྱུད་དེ་ཝུའུ་ལུའུ་མུའུ་ཆི་བར་གྱི་མཁའ་ལམ་སྟེང་ཐེངས་དང་བོར་གནམ་གྲུ་གཏོང་བའི་མཛད་སྒོ་བསྡུས་པ་དང་། དེས་མཚོ་སྔོན་གྱི་གནས་སྐོར་པ་བྱང་ཕྱོགས་སུ་ཝུའུ་ལུའུ་མུའུ་ཆི་དང་ལྷོ་ཕྱོགས་སུ་ཁྲང་ཧྲ་གྲོང་ཁྱེར་དུ་སྐྱོད་པར་སྟབས་བདེ་བཟོས།

ཁྲང་ཧྲ་ནས་ཟི་ལིང་བརྒྱུད་དེ་ཝུའུ་ལུའུ་མུའུ་ཆི་བར་ཚེས་ཉེར་བདུན་ཉིན་ནས་བཟུང་གནམ་གྲུ་གཏོང་མགོ་བརྩམས་པ་དང་། གཟའ་འཁོར་གཅིག་གི་ནང་དུ་གཟའ་ཟླ་བ་དང་། གཟའ་ལྷག་པ། གཟའ་པ་སངས། གཟའ་ཉི་མ་བཅས་ཐེངས་བཞི་ལ་གཏོང་རྒྱུ་རེད།

ཨོ་ཁི་མཁའ་སྐྱོད་ཀུང་ཟིས་ད་རུང་ཟླ་གསུམ་པའི་ཚེས་སོ་གཅིག་ཉིན་ནས་བཟུང་ཐེན་ཅིན་ནས་ཟི་ལིང་བརྒྱུད་དེ་ཝུའུ་ལུའུ་མུའུ་ཆི་བར་གནམ་གྲུ་གཏོང་རྒྱུ་རེད། གཟའ་འཁོར་གཅིག་གི་ནང་དུ་གཟའ་མིག་དམར་དང་། གཟའ་ལྷག་པ། གཟའ་ཕུར་བུ། གཟའ་སྤེན་པ་བཅས་གནམ་གྲུ་ཐེངས་བཞི་ལ་གཏོང་རྒྱུ་རེད།