མཚོ་སྔོན་ཞབས་ཆོས་སྐྱོང་ཞིང་ཕྱུགས་དངུལ་གཏོང་གསར་སྤེལ་སྡེ་ཚོགས་ཚད་ཡོད་ཀུང་ཟི་དང་ནང་སོག་དུས་ཐོག་སྐྱེ་ཁམས་ཞིང་ལས་སྡེ་ཚོགས་ཚད་ཡོད་ཀུང་ཟིའི་མཚོ་སྔོན་ལས་གཞིའི་མཉམ་ལས་ཆིངས་ཡིག་འགོད་པའི་མཛད་སྒོ་བསྡུས་པ།
2016.03.29 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 2

རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་འབྲུག་ལྷ་ཡིས་བཀོད་པའི་གསར་འགྱུར།

ཟླ་གསུམ་པའི་ཚེས་ཉེར་དགུའི་ཉིན་གྱི་སྔོ་དྲོར། མཚོ་སྔོན་ཞབས་ཆོས་སྐྱོང་ཞིང་ཕྱུགས་དངུལ་གཏོང་གསར་སྤེལ་སྡེ་ཚོགས་ཚད་ཡོད་ཀུང་ཟི་དང་ནང་སོག་དུས་ཐོག་སྐྱེ་ཁམས་ཞིང་ལས་སྡེ་ཚོགས་ཚད་ཡོད་ཀུང་ཟིའི་མཚོ་སྔོན་ལས་གཞིའི་མཉམ་ལས་ཆིངས་ཡིག་འགོད་པ་དང་མཚོ་སྔོན་ཞབས་ཆོས་སྐྱོང་ཞིང་ཕྱུགས་དངུལ་གཏོང་གསར་སྤེལ་སྡེ་ཚོགས་ཚད་ཡོད་ཀུང་ཟི་དངོས་སུ་བཙུགས་པའི་མཛད་སྒོ་དེ་ཟི་ལིང་གི་དངུལ་འབྲུག་མགྲོན་ཁང་ཆེན་མོ་ནས་བསྡུས།

མཛད་སྒོའི་སྟེང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་འབྲེལ་ཡོད་མགོ་ཁྲིད་དང་སྡེ་ཚོགས་ཀུང་ཟི་གཉིས་ཀྱི་འབྲེལ་ཡོད་འགན་ཁུར་བ་ཞུགས་ཏེ། ཆིངས་ཡིག་བཀོད་པ་དང་སྒོ་བྱང་གི་ཡོལ་བ་ཕྱེས་ནས་མཚོ་སྔོན་ཞབས་ཆོས་སྐྱོང་ཞིང་ཕྱུགས་དངུལ་གཏོང་གསར་སྤེལ་སྡེ་ཚོགས་ཚད་ཡོད་ཀུང་ཟི་དངོས་སུ་བཙུགས་པ་ཁྱབ་སྒྲོག་བྱས།

ནང་སོག་དུས་ཐོག་སྐྱེ་ཁམས་ཞིང་ལས་སྡེ་ཚོགས་ཚད་ཡོད་ཀུང་ཟི་དང་མཉམ་འབྲེལ་སྒོས་བཙུགས་པའི་མཚོ་སྔོན་ཞབས་ཆོས་སྐྱོང་ཞིང་ཕྱུགས་ལས་དངུལ་གཏོང་གསར་སྤེལ་སྡེ་ཚོགས་ཚད་ཡོད་ཀུང་ཟི་ནི་ཚེ་རིང་བཀྲ་ཤིས་ཀྱིས་ལོ་དུ་མིན་ལ་ཞིང་ཕྱུགས་ཐོན་ལས་འཕེལ་རྒྱས་སུ་བཏང་བའི་རྨང་གཞིའི་སྟེང་། གསར་དུ་མ་དང