མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱིས་དམངས་ཕན་སློབ་གསོའི་སྲིད་ཇུས་དོན་འཁྱོལ་བྱས།
2016.03.31 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 0

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱིས་ཡོངས་ཁྱབ་དང་དྲང་བདེན། སྤུས་ལེགས་སོགས་སློབ་གསོ་འཕེལ་རྒྱས་ཀྱི་དམིགས་འབེན་ཆེན་པོ་གསུམ་ལ་དམིགས་བཙུགས་ཏེ། མུ་མཐུད་དུ་༼མགོ་ལོག་གི་སློབ་གསོའི་བྱ་བཞག་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པའི་བསམ་འཆར༽ལག་ལེན་དངོས་འབེབ་བྱས་ནས། སློབ་གསོའི་མ་ལག་གནད་དུ་བཟུང་ནས་དམངས་ཕན་སློབ་གསོའི་སྲིད་ཇུས་དོན་འཁྱོལ་བྱས།

ལོ་སྟོད་ནས་བཟུང་སྟེ། མགོ་ལོག་གིས་ཕྱོགས་ཡོངས་ནས་མགོ་ཁྲིད་ཚན་ཆུང་རྩ་འཛུགས་བྱས་ཏེ། སྡེ་ཁག་སོ་སོའི་ལས་འགན་གསལ་བོར་གཏན་འབེབ་བྱས་ཤིང་འོས་འགན་སློབ་གསོའི་སློབ་སྒྲུབ་ཆ་རྐྱེན་ཞན་པའི་ངོས་ནས་བྱ་བ་གང་ལེགས་བསྒྲུབས། ཕྱོགས་ཡོངས་ནས་ལྟ་ཞིབ་བྱས་པའི་རྨང་གཞིའི་སྟེང་། ད་ལོར་མ་དངུལ་སྒོར་ས་ཡ་གཉིས་འབུམ་བཞི་ལྷག་བཏང་ནས། འབྲིང་རིམ་དང་མཐོ་འབྲིང་།སློབ་སྔོན་སློབ་གསོ། སློབ་གསོ་ཆ་འཕྲིན་ཅན།དགེ་རྒན་གྱི་རེས་འཁོར་སྡོད་ཁང་སོགས་ཀྱི་ལས་གཞི་ལ་ཚད་ལྡན་རང་བཞིན་གྱི་འཛུགས་བསྐྲུན་བྱས།དེར་བསྡོམས་པས་སློབ་གྲྭ་ཉེར་ལྔ་ལྷག་ལ་དྲོད་རླངས་འདོན་སྤྲོད་བྱས་ཤིང་། སློབ་གྲྭའི་ཁོངས་གཏོགས་ཀྱི་ཆུ་ལམ་སྦུག་དྲ་སོགས་སྒྲིག་ཆས་བསྐྲུན་ནས། བྱིས་གཉོར་ཁང་ཉི་ཤུ་ལྷག་བཙུགས་པ་དང་།སློབ་གྲྭ་ཉེར་གཉིས་ཚད་ལྡན་ཅན་དུ་བཏང་། ལོ་ལྔའི་འཆར་གཞི་བཅུ་ག