མཚོ་ནུབ་ཁུལ་གྱི་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེ་ཐད་ཀྱི་ལས་གཞི་བརྒྱ་ལྷག་དུས་ལྟར་འཛུགས་སྐྲུན་བྱེད་མགོ་བརྩམས།
2016.03.31 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཉེ་ལམ། གསར་འགོད་པས་མཚོ་ནུབ་ཁུལ་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེ་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ན་ནིང་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱིས་ལག་བསྟར་བྱས་པའི་འཕྲོད་བསྟེན་ཐད་ཀྱི་རྗེས་མཐུན་འཛུགས་སྐྲུན་ལས་གཞི་བསྡོམས་པས་ཉེར་བདུན་ཡོད་པ་དང་། སྤྱིའི་འཛུགས་སྐྲུན་རྒྱ་ཁྱོན་རྨིད་གྲུ་བཞི་མ་ཁྲི་གཉིས་དང་སྟོང་བཞི་བདུན་བརྒྱ་བདུན་ཅུ་ཡོད་ལ། སྤྱིའི་མ་དངུལ་གཏོང་ཚད་སྒོར་བྱེ་བ་བདུན་ས་ཡ་བདུན་འབུམ་གཉིས་ལ་སླེབས་པ་དང་། ད་ལྟའི་བར་དུ་མ་དངུལ་སྒོར་བྱེ་བ་གསུམ་དང་ས་ཡ་བཞི་འབུམ་བདུན་ཁྲི་ལྔ་བཏང་ཟིན། གཙོ་བོར་ནད་རིགས་གང་ལ་མཁས་པའི་སྨན་པའི་སྦྱོང་བརྡར་སྐྱེད་སྲིང་རྟེན་གཞི་གཅིག་དང་། བྱིས་པའི་ནད་བཅོས་ལྟེ་གནས་གཅིག རྫོང་རིམ་པའི་སྨན་ཁང་གཉིས། ཞང་དང་གྲོང་བརྡལ་གྱི་འཕྲོད་བསྟེན་ཁང་གཉིས། གཏེར་ཁུལ་གྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་གཅིག སྡེ་བའི་འཕྲོད་བསྟེན་ཁང་ཉི་ཤུ་བཅས་འཛུགས་སྐྲུན་བྱས།

ད་ལོར་གསར་དུ་འཛུགས་སྐྲུན་བྱེད་པའི་ལས་གཞི་བསྡོམས་པས་དོན་བདུན་ཡོད་པ་དང་། སྤྱིའི་འཛུགས་སྐྲུན་རྒྱ་ཁྱོན་རྨིད་གྲུ་བཞི་མ་ཁྲི་གཉིས་དང་སྟོང་བཞི་བརྒྱ་དང་བཞི་བཅུ་ཡོད་ལ། བསྡོམས་པས་མ་དངུལ་སྒོར་བྱེ་བ་བདུན་ས་ཡ་དགུ་འབུམ་བཞི་ཁྲི་གསུམ་གཏོང་རྒྱུ་རེ