«ཆོས་རྒྱལ་ནམ་མཁའི་ནོར་བུའི་གསུང་འབུམ»པར་བསྐྲུན་འགྲེམ་སྤེལ་བྱས།
2016.04.01 ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས། 9

ཉེ་སྔོན། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་ཆོས་རྒྱལ་ནམ་མཁའི་ནོར་བུས་མཛད་པའི་ལྗགས་རྩོམ«ཞང་བོད་ལོ་རྒྱུས་ཏི་སེ་འོད»གཙོས་པའི་བོད་ཡིག་གི་ལྗགས་རྩོམ་ཚན་གྲངས་ཉི་ཤུ་རྩ་གཅིག་ཕྱོགས་གཅིག་ཏུ་བསྒྲིགས་པའི«ཆོས་རྒྱལ་ནམ་མཁའི་ནོར་བུའི་གསུང་འབུམ་བཞུགས་སོ»ཞེས་པ་དངོས་སུ་པར་བསྐྲུན་འགྲེམ་སྤེལ་བྱས། དེ་ཡང་ཨ་ཞི་ཡ་རྒྱལ་སྤྱིའི་མཐུན་སྒྲིལ་ལྷན་ཚོགས་ཀྱིས་རྒྱུ་ཆ་འཚོལ་སྡུད་དང་མ་དངུལ་གྱི་མཐུན་རྐྱེན་བསྐྲུན་པ་ཡིན།

ཆོས་རྒྱལ་ནམ་མཁའི་ནོར་བུའི་གསུང་འབུམ་འདི་ནི་པོད་ལྔའི་བདག་ཉིད་ཅན་ཞིག་སྟེ། པོད་དང་པོར་རྫོགས་ཆེན་གྱི་སྐོར་དང་། པོད་གཉིས་པར་རིག་གནས་ཀྱི་སྐོར། པོད་གསུམ་པར་གསོ་རིག་གི་སྐོར། པོད་བཞི་བ་དང་པོད་ལྔ་བར་ལོ་རྒྱུས་ཀྱི་སྐོར་བཅས་སོ། །

 ནམ་མཁའི་ནོར་བུ་ཁོང་ནི་དབྱི་ཏ་ལི་དང་། དབྱིན་ཇི། རྒྱ་གར། ཀྲུང་གོ། མོང་གོལ། འབར་མ་སོགས་ཀྱི་སྐད་དང་ཡི་གེ་ལ་ཐོགས་པ་མེད་ཅིང་།  བན་བོན་གྱི་གཞུང་ཁག་ཅིག་དབྱིན་ཇིའི་ཡི་གེར་བསྒྱུར་ཏེ་དཔེ་སྐྲུན་བྱས། ཕྱི་རྒྱལ་དུ་བཞུགས་པའི་སྐབས་སུ་ཁོང་གིས་བོད་ཀྱི་རིག་གཞུང་མཐའ་དག་ལ་ཞིབ་འཇུག་དང་ཁྱབ་སྤེལ་གྱི་མཛད་པ་བསྐྱངས་ཤིང་། ཡོ་རོབ་