ཞང་ཀང་ཧྭན་རོང་དཔེ་ཀློག་ཅུའུ་ཡིས་མཚོ་ནུབ་ཁུལ་དཔེ་མཛོད་ཁང་ལ་དཔེ་ཆ་བྱིན།
2016.04.02 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཀྲུང་གོ་དམངས་གཙོ་མནའ་མཐུན་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གིས་སྦྲེལ་མཐུད་བརྩོན་ལེན་བྱས་པའི་ཞང་ཀང་ཧྭན་རོང་དཔེ་ཀློག་ཅུའུ་ཡིས་རྒྱལ་ཡོངས་དཔེ་མཛོད་ཁང་རེ་ལྔ་ལ་དཔེ་ཆ་སྟེར་བའི་མཛད་སྒོ་ཉེ་ལམ་པེ་ཅིན་ནས་བསྡུས་པ་དང་། མཚོ་ནུབ་ཁུལ་དཔེ་མཛོད་ཁང་གིས་བསྡོམས་པས་དཔེ་དེབ་སྟོང་གཅིག་བཞི་བརྒྱ་དོན་བདུན་དང་ལེན་བྱས་ལ། དེའི་ཁྲོད་འཚོ་བ་དང་དཔལ་འབྱོར་དོ་དམ། ལོ་རྒྱུས་ཡིག་ཚགས། རྩོམ་རིག་སྒྱུ་རྩལ་སོགས་འདུ།

ཐེངས་འདིའི་དཔེ་དེབ་བྱིན་པ་དེས་མཚོ་ནུབ་ཁུལ་དཔེ་མཛོད་ཁང་གི་ཞང་ཀང་དང་ཐེ་ཝན་ཕྱོགས་ཀྱི་དཔེ་ཆ་ཇེ་མང་དུ་བཏང་བ་མ་ཟད། ཀློག་པ་པོའི་ཟོར་ལྕིའི་ཡི་གེའི་དཔྱད་གཞིའི་ཡིག་རིགས་ཀློག་འདོན་ཐད་ཀྱི་དགོས་མཁོ་བསྐངས་ནས། ཞང་ཀང་དང་ཐེ་ཝན་གྱི་རྩོམ་རིག་སྒྱུ་རྩལ་ལ་དགའ་བའི་ཀློག་པ་པོར་བརྗེ་རེས་སྟེགས་བུ་འདོན་སྤྲོད་བྱས། ཐེངས་འདིའི་རིན་མེད་དཔེ་སྟེར་བྱ་བ་ནི་ཀྲུང་གོ་དམངས་གཙོ་མནའ་མཐུན་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་ཀྲུང་གོ་དམངས་གཙོ་མནའ་མཐུན་གཏེན་ལེན་ཁའི་ཨུ་ཡོན་ལྷན་ཁང་སྤྱི་ཁྱབ་ཀྲི་པུའུ་གཉིས་ཀྱིས་འབྲེལ་འདྲིས་དང་བརྩོན་ལེན་བྱས་པའི་གྲུབ་འབྲས་ཡིན་ལ། དམངས་གཙོ་མནའ་མཐུན་རྩ་འཛུགས་ཀྱིས་འབྲེལ་འདྲིས་ནུས་པ་འདོན་སྤེལ་བྱེད་པ་དང་། སྤྱི་ཚོགས་སྤྱི་ཕན་ལས་དོན་འཕེལ་རྒྱས་ས