ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་སྐབས་སུ་ཡུས་ཧྲུའུ་ཡིས་མཆོང་སྐྱོད་འཕེལ་རྒྱས་ཀྱི་གྲུབ་འབྲས་ཆེན་པོ་བླངས།
2016.04.03 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 1

ཉེ་ལམ། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དྲུག་པའི་སྟེང་ནས་རྒྱུས་ལོན་བྱུང་བ་ལྟར་ན། འདས་པའི་ལོ་ལྔའི་ནང་། ཡུས་ཧྲུའུ་ལ་བཞི་བའི་བཅུ་བཞི་ཉིན་གྱི་ས་འགུལ་བྱུང་མྱོང་ན་ཡང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་ཀྱི་སེམས་ཁུར་འོག ཁྱོན་ཡོངས་ནས་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་བྱས་ནས། དཔལ་འབྱོར་སྤྱི་ཚོགས་ཐད་ཀྱི་མཆོང་སྐྱོད་ཆེན་པོ་མངོན་འགྱུར་བྱས་པ་དང་། རྨང་གཞིའི་སྒྲིག་ཆས་ཇེ་ལེགས་སུ་བཏང་ལ། འཚོ་བའི་ཆ་རྐྱེན་ཇེ་བཟང་དུ་སོང་།

འདས་པའི་ལོ་ལྔའི་ནང་། ཡུས་ཧྲུའུ་ཁུལ་གྱིས་མཁར་གྲོང་སྡོད་ཁང་དང་རྨང་གཞིའི་སྒྲིག་ཆས། སྐྱེ་ཁམས་སླར་གསོ་སོགས་རིགས་ཆེན་པོ་དྲུག་གི་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་ལས་གཞི་སྟོང་གཅིག་དང་ཉིས་བརྒྱ་ཉེ་བརྒྱད་ཁྱོན་ཡོངས་ནས་ལེགས་འགྲུབ་བྱས་པ་དང་། བསྡོམས་པས་མ་དངུལ་སྒོར་ཐེར་ཆེན་བཞི་དང་ཐེར་འབུམ་བཞི་དུང་ཕྱུར་བདུན་བྱེ་བ་ལྔ་དང་ས་ཡ་བཞི་བཏང་ལ། མཁར་གྲོང་གི་ཕྱི་རོལ་ཁོར་ཡུག་ལ་གནམ་ས་བརྗེ་བ་ལྟ་བུའི་འགྱུར་ལྡོག་བྱུང། ལོ་ལྔའི་རིང་། ཡུས་ཧྲུའུ་ཁུལ་ཡོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་གྲངས་དེ2012ལོའི་སྒོར་ཐེར་འབུམ་གསུམ་དང་དུང་ཕྱུར་ག