དཔའ་བོ་ལ་སློབ་སྦྱོང་བྱེད་པ་དང་ཡང་བསྐྱར་ཨ་ཆེན་གངས་རྒྱབ་ཏུ་བསྐྱོད་པ།
2016.04.06 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 2

ཟླ་བཞི་བའི་ཚེས་བཞི་ཉིན། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་འབྲི་སྟོད་རྫོང་གིས་རྩ་འཛུགས་བྱས་པའི༼ དཔའ་བོ་ལ་སློབ་སྦྱོང་བྱེད་པ་དང་ཡང་བསྐྱར་ཨ་ཆེན་གངས་རྒྱབ་ཏུ་བསྐྱོད་པ། ༽ཞེས་པའི་བསྟུད་འགོད་བརྗོད་གཞི་བྱ་འགུལ་ཚན་ཆུང་ཡང་བསྐྱར་ཨ་ཆེན་གངས་རྒྱབ་ཀྱི་ཉི་མའི་མཚོ་འགྲམ་དུ་ཐོན་ནས། རྒྱས་བཟང་བསོད་ནམས་དར་རྒྱས་དང་ཆོས་ཁ་བཀྲ་བྷ་རྡོ་རྗེ་ལགས་གཉིས་ལ་རྗེས་དྲན་བྱས་ནས། དཔའ་བོའི་རྨི་ལམ་བསྐྱར་དྲན་དང་དཔའ་བོའི་སྙིང་སྟོབས་རྒྱུད་འཛིན་དང་དར་སྤེལ་བྱས།
རྒྱས་བཟང་བསོད་ནམས་དར་རྒྱས་དང་ཆོས་ཁ་བཀྲ་བྷ་རྡོ་རྗེ་ལགས་གཉིས་ཀྱིས་ཨ་ཆེན་གངས་རྒྱབ་དང་རི་སྐྱེས་སྲོག་ཆགས་གཙོད་ལ་སྲུང་སྐྱོབ་བྱེད་ཆེད་རིན་ཐང་བྲལ་བའི་ཚེ་སྲོག་བློས་བཏང་། ལྷག་པར་དུ་རྒྱས་བཟང་བསོད་ནམས་དར་རྒྱས་ལགས་ཀྱིས་ཀྲུང་གུང་ནུབ་རྒྱུད་བཟོ་ཨུའི་ཧྲུའུ་ཅུའི་འགན་ཁུར་བའི་སྐབས་སུ། ཁོས་ཚེ་སྲོག་ལ་ཡིད་སྨོན་བརྩི་བཀུར་གྱི་བརྩེ་སེམས་བཅིངས་པ་དང་། ༼ནུབ་རྒྱུད་སྲུང་སྐྱོབ་དང་ནུབ་རྒྱུད་གསར་སྤེལ༽གྱི་འཐབ་ཇུས་འཆར་གཞི་ཁྱེར་ནས་ཚེ་སྲོག་བཀག་སྡོམ་ས་ཁུལ་ཏེ་ཨ་ཆེན་གངས་རྒྱབ་ཏུ་སོང་ནས་ཅིས་ཀྱང་རྩ་མེད་དུ་འགྲོ་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་གཙོད་ལ་སྲུང་སྐྱོབ་བྱེད་པའི་འགན་ཁུར་ཕྲག་ཏུ་བླངས།
1994ལོར། རྒྱས་བཟང་བས