གཏེར་ལེན་མཁར་གྱིས་ས་གནས་གཞུང་ལམ་གྱི་དྲ་རྒྱ་ལ་བརྟེན་ནས་ཡུལ་སྐོར་སྣེ་འཁྲིད་ལེགས་པོ་བྱས་པ།
2016.04.06 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 1

གཏེར་ལེན་མཁར་གྲོང་ཁྱེར་གྱིས་ཐོག་མའི་ལས་གཞི་བསྐྱར་བསྐྲུན་གཅིག་བསྡུས་བྱས་ཏེ། ཧོ་ཐུའུ་ཐ་ལ་གྲོང་བརྡལ་གྱི་པ་ལིས་ཀུ་སྡེ་བ་ནས་ཁི་ལུའུ་ནོར་བུ་སྡེ་བའི་བར་དུ་གཞུང་ལམ་འཛུགས་བསྐྲུན་བྱས་ཏེ། སྤྱིའི་མ་དངུལ་སྒོར་བྱེ་བ་གཅིག་དང་ས་ཡ་ལྔ་འབུམ་བརྒྱད་ཁྲི་དྲུག་ལྷག་བཏང་། མིག་སྔར་གཞུང་ལམ་གྱི་རྨངགཞི་ཕལ་ཆེར་འགྲུབ་ཡོད་ལ། ལས་འགོ་བརྩམ་རྗེས་ཧ་ལམ་སྤྱི་ལེ་བཅུ་དགུ་ལྷག་ལ་སྣུམ་ལམ་གཏང་རྒྱུ་རེད། ལས་གཞི་འདི་འགྲུབ་རྗེས་ས་ཁུལ་དེའི་ཡུལ་ལྗོངས་ལྟ་སྐོར་དང་སྐྱེ་ཁམས་སྲུང་སྐྱོབ། འབྲོག་དམངས་འཚོ་བ་ཐོན་སྐྱེད། ས་ཁུལ་དཔལ་འབྱོར་འཕེལ་རྒྱས་སོགས་ལ་ནུས་པ་གལ་ཆེན་འདོན་ཐུབ་ལ། མི་རིགས་མཐུན་སྒྲིལ་ཡར་ཐོན་ཡོང་བ་དང་གྲོང་ཁྱེར་གཞུང་ལམ་དྲ་བ་ལེགས་སྒྱུར་བྱེད་པ་སོགས་ལ་དོན་སྙིང་གལ་ཆེན་ལྡན།