དམངས་ཁྲོད་ཐང་ཀའི་སྒྱུ་རྩལ་པ་ལྔ་བཅུ་སློབ་ཆེན་དུ་བསྐྱོད་པ།
2016.04.07 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 3

ཟླ་འདིའི་ཚེས་དྲུག་ཉིན། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོས་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་ཐང་ཀའི་གཟུགས་འདས་རིག་གནས་རྒྱུན་འཛིན་པ་དང་དམངས་ཁྲོད་ཐང་ཀའི་སྒྱུ་རྩལ་པ་སོགས་དམིགས་བསལ་སློབ་མ་ལྔ་བཅུ་ལྷག་ལ་བསུ་བ་བྱས་པ་དང་། གཟུགས་འདས་རིག་གནས་རྒྱུན་འཛིན་གྱི་སློབ་མ་ལྔ་བཅུས་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ་ནས་དུས་ཡུན་ཟླ་གཅིག་གི་རིང་གསོ་སྦྱོང་དང་ལེན་བྱེད་རྒྱུ་རེད།
 མིག་སྔར། རིག་གནས་པུའུ་དང་སློབ་གསོ་པུའུ་གཉིས་ཀྱིས་མཉམ་དུ་རྩ་འཛུགས་དང་ལག་བསྟར་བྱས་པའི་ཀྲུང་གོའི་གཟུགས་འདས་རིག་གནས་ཀྱི་རྒྱུན་འཛིན་པ་ཟབ་སྦྱོང་དང་གསོ་སྦྱོང་བྱེད་པའི་འཆར་གཞི་དེར། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ་དང་མཚོ་སྔོན་དགེ་ཐོན་སློབ་གྲྭ་ཆེན་མོ་གཉིས་བདམས་ཐོན་བྱུང་ནས་གསོ་སྦྱོང་འཆར་གཞིའི་སྐོར་ཐོག་མའི་ཟབ་ཞུགས་སློབ་གླིང་དུ་གྱུར་པ་རེད། ཟླ་བཞི་པའི་ཚེས་དྲུག་ཉིན། གཟུགས་འདས་རིག་གནས་ཀྱི་ཐང་ཀའི་རྒྱུན་འཛིན་པ་སྟེ་མགོ་ལོག་འཛིན་གྲྭ་དངོས་སུ་བསྒྲུབ་མགོ་བརྩམས་པ་དང་། མགོ་ལོག་ཁུལ་གྱི་རྫོང་དྲུག་གི་ཐང་ཀའི་རྒྱུད་འཛིན་པ་མི་ལྔ་བཅུ་ལྷག་ཆེས་ཐོག་མར་མཐོ་རིམ་སློབ་གྲྭའི་གསོ་སྦྱོང་འཛིན་གྲྭར་ཞུགས་པར་མ་ཟད། གསོ་སྦྱོང་འཛིན་གྲྭར་ཞུགས་པའི་སློབ་མ་ལྔ་བཅུ་ནི་ཐང་ཀ་འབྲི་