མཚོ་ལྷོ་ཁུལ་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་ཁུལ་འཛུགས་སྐྲུན་གྱི་གཞི་རིམ་སྔོན་ཐོན་མི་སྣའི་གསོ་སྦྱོང་འཛིན་གྲྭ་དེ་མཚོ་ལྷོའི་གསོ་སྦྱོང་ལྟེ་གནས་སུ་བསྡུས།
2016.04.07 ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས། 1

 རྒྱུས་ལོན་པ་ལྟར་ན། ཉེ་སྔོན། མཚོ་ལྷོ་ཁུལ་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་ཁུལ་འཛུགས་སྐྲུན་གྱི་གཞི་རིམ་སྔོན་ཐོན་མི་སྣའི་གསོ་སྦྱོང་འཛིན་གྲྭ་དེ་མཚོ་ལྷོའི་གསོ་སྦྱོང་ལྟེ་གནས་སུ་བསྡུས་པ་དང་། ཁུལ་གཏོགས་རྫོང་ཁག་ལྔ་ནས་ཡོང་བའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་ཁུལ་འཛུགས་སྐྲུན་གྱི་གཞི་རིམ་སྔོན་ཐོན་མི་སྣ65གསོ་སྦྱོང་ལ་ཞུགས།

 ཐེངས་འདིའི་གསོ་སྦྱོང་ལ་ཁུལ་ནང་ཁུལ་གྱི་ཆེད་མཁས་པ་གདན་ཞུ་བྱས་ནས་གཙོ་བོ་ད་ལྟའི་མི་རིགས་ཆོས་ལུགས་སྲིད་ཇུས་དང་སྤྱི་ཚོགས་བརྟན་རླིང་བཅས་ཕྱོགས་ནས་གཅིག་བསྡུས་སློབ་སྦྱོང་དང་ལྟ་སྦྱོང་བྱེད་པ་གཉིས་ཟུང་དུ་འབྲེལ་ནས་གསོ་སྦྱོང་བྱས་པ་རེད།གསོ་སྦྱོང་འཛིན་གྲྭ་འདི་ལས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་ཁུལ་འཛུགས་སྐྲུན་གྱི་གཞི་རིམ་སྔོན་ཐོན་མི་སྣའི་འགན་འཁྲི་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་སོང་བ་དང་། རྗེས་ཕྱོགས་མུ་མཐུད་དུ་མི་རིགས་མཐུན་སྒྲིལ་བྱ་བའི་ལས་རྐང་སྟེང་དཔེ་ལེགས་ཅན་དང་ཚབ་མཚོན་ཅན་གྱི་མི་སྣ་མང་པོ་སྐྱེད་སྲིང་བྱེད་པར་སྐུལ་ཁྲིད་ཀྱི་ནུས་པ་གལ་ཆེན་ཐོན།