ཀྲུང་གོའི་བོད་ཇའི་རིག་གནས་གཟའ་འཁོར་གཡག་རྔ་གྲོང་ཁྱེར་དུ་སྤེལ་བ།
2016.04.08 ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས། 2

སྤྱི་ཟླ4བའི་ཚེས5ཉིན། སྐབས་དང་པོའི་ཀྲུང་གོའི་བོད་ཇའི་རིག་གནས་གཟའ་འཁོར་དེ་གཡག་རྔ་གྲོང་ཁྱེར་ཡུས་ཁྲིན་ཆུས་ཏོ་ཡུན་གྲོང་རྡལ་གྱི་ཀྲུང་གོའི་བོད་ཇའི་གྲོང་སྡེ་ནས་སྤེལ་ཞིང་། བོད་ཇའི་ཐོན་རྫས་མང་པོ་དང་བོད་ཇའི་རིག་གནས་འགྲེམ་སྟོན་གྱིས་ཡུལ་སྐོར་བ་མི་ཉུང་བ་ཞིག་གི་ཡིད་དབང་བཀུག
ཡུས་ཁྲིན་ཆུའུ་སུ་ད་སྐབས་ཇ་ཞིང་རྒྱ་ཁྱོན་སྤྱི་ཆིང་ཁྲི་གཉིས་དང་སྣེ་འདྲེན་ཁེ་ལས16ཡོད། ལོ་རེའི་ཐོན་ཚད་ཏུན་ཁྲི་གཉིས་ལྷག་དང་ལོ་རེའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་དྲུག་དང་བྱེ་བ་བདུན་ས་ཡ་གཅིག་ཟིན། ཆུའུ་ཡོངས་ཀྱི་ཇ་འདེབས་ཞིང་པ་དུད་ཚང་ཁྲི་ལྔའི་མི་རེའི་ཡོང་འབབ་སྒོར3000འཕར། ཡུས་ཁྲིན་ཆུའུ་ནི་ལོ་ངོ་སྟོང་གི་བོད་ཇའི་འབྱུང་ཁུངས་དང་ཁྲོན་བོད་ཇ་རྟའི་ཚོང་འགྲུལ་གནའ་ལམ་གྱི་འགོ་ཚུགས་ས་ཡང་ཡིན། རྒྱ་བཟའ་ཀོང་ཇོས་ཇ་འཁྱེར་ཏེ་བོད་ལ་ཕེབས་པ་ནས་བརྩིས་ན་བོད་ཇ་ལ་ལོ་ངོ1300ལྷག་གི་ལོ་རྒྱུས་ལྡན། དེའི་ནང་བཀྲ་ཤིས་བོད་ཇ་ཞེས་པར་ཀྲུང་གོའི་མིང་དུ་གྲགས་པའི་ཚོང་རྟགས་ཀྱི་མཚན་སྙན་ཐོབ་པ་དང་གཡག་རྔའི་བོད་ཇའི་སྲོལ་རྒྱུན་གྱི་བཟོ་རྩལ་དེ་ཁག་གཉིས་པའི་རྒྱལ་ཁབ་རིམ་པའི་གཟུགས་འདས་རིག་གནས་ཤུལ་བཞག་གི་མིང་ཐོར་ཚུད་ཡོད།
ཀྲུང་གོའི་བོད་ཇའི་གྲོང་སྡེ་ནི་ཇ་རྟའི་ཚོང་འགྲུལ་གནའ་ལམ་གྱི་འབབ་