རྨ་ཆེན་རྫོང་རྟ་བོ་ཞང་གིས་སྣེ་ཁྲིད་གསུམ་དང་སྐུལ་འདེད་གསུམ་གྱི་བྱ་འགུལ་སྤེལ།
2016.04.08 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 1

རྫོང་ཏང་ཨུས་གཅིག་གྱུར་བཀོད་སྒྲིག་ལྟར། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ། བཞི་བ་དང་ལྔ་བ། ཞིང་ཆེན་དང་ཁུལ་གྱི་གཅིག་བསྡུས་གྲོས་ཚོགས་ཡོངས་ཀྱི་དགོངས་པ། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཡིག་ཆ་དང་པོ་བཅས་ཕྱོགས་ཡོངས་ནས་དྲིལ་སྒྲོག་གཏིང་ཟབ་ཏུ་སྤེལ་ནས། རོང་འབྲོག་ཁུལ་གྱི་འཕེལ་རྒྱས་གསོན་ཤུགས་ཆེར་བསྐྱེད་ནས། ཞིང་ཕྱུགས་ལས་རིགས་ཀྱི་ཐོན་སྐྱེད་དང་བཅོས་སྒྱུར་འཕེལ་རྒྱས་ལ་སྐུལ་འདེད་བཏང་། རྟ་བོ་གྲོང་བརྡལ་གྱིས་དུས་ལྟར་གྲོས་ཚོགས་བསྡུས་ནས། མགོ་ཁྲིད་སྒྲིག་སྲོལ་བཙུགས་ཏེ། ལས་བྱེད་མི་སྣ་གཞི་རིམ་དུ་གསབ་ཞུགས་བྱེད་པའི་ཇུས་གཞི་གཏན་འབེབ་དང་། སྡེ་བ་དག་ཁག་ལྔ་རུ་བགོས་ཏེ་དྲིལ་སྒྲོག་བྱས་ནས། སྣེ་འཁྲིད་གསུམ་དང་སྐུལ་འདེད་གསུམ་གྱི་བྱ་འགུལ་དངོས་ཐོག་དོན་འཁྱོལ་བྱས།

རྨ་ཆེན་རྫོང་རྟ་བོ་ཞང་གིས་དུས་ལྟར་རྫོང་ཏང་ཨུས་གཅིག་གྱུར་བཀོད་སྒྲིག་གི་ཚན་ཆུང་རེ་བ་ལྟར། གྲོང་རྡལ་གྱི་ཏང་ཨུ་ཚན་ཁག་དང་། ལས་བྱེད་པ་ཡོངས། གཞིས་ཁུལ་གྱི་ལས་བཟོ་བ་སོགས་ཚང་མར་སྣེ་ཁྲིད་གསུམ་དང་སྐུལ་འདེད་གསུམ་ག