ཉིས་སྟོང་བཅུ་དགུ་ལོའི་བར་དུ་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་མ་མཐའི་འཚོ་བའི་འགན་སྲུང་ཚད་གཞི་སྒོར་སྟོང་བཞིའི་ཡན་ལ་སླེབ་ཏུག་འཇུག་རྒྱུ་རེད།
2016.04.09 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 2

ཟླ་བཞི་བའི་ཚེས་བརྒྱད་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིན་ནས་རྒྱུས་ལོན་བྱས་པ་ལྟར་ན། མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིན་གྱིས་ཞིང་ཆེན་ནོར་སྲིད་ཐིན་དང་ཞིང་ཆེན་དབུལ་སྐྱོར་ཅུའུ་གཉིས་དང་མཉམ་འབྲེལ་བྱས་ཏེ་དབུལ་ཐར་མཁྲེགས་གཏོར་འཐབ་ཇུས་ལག་བསྟར་བྱས་ཏེ་ཞིང་སྡེ་ཡི་མ་མཐའི་འཚོ་བའི་འགན་སྲུང་བྱ་བ་ཁྱོན་ཡོངས་ནས་སྒྲུབ་པའི་སྐོར་གྱི་བརྡ་ཐོ་བཏང་སྟེ་ཞིང་སྡེ་ཡི་མ་མཐའི་འཚོ་བའི་འགན་སྲུང་བྱ་བ་བཟང་བོར་སྒྲུབ་པའི་ཐད་ལ་བཀོད་སྒྲིག་བྱས།

བརྡ་ཐོ་ལས་ཞིང་སྡེ་ཡི་མ་མཐའི་འཚོ་བའི་འགན་སྲུང་བྱ་བའི་དབུལ་ཐར་དམིགས་འབེན་དང་ལས་འགན། སྤྱིའི་རེ་བ་བཅས་གསལ་བོར་བསྟན་ཡོད། རང་ཞིང་གིས་ཞིང་སྡེ་ཡི་མ་མཐའི་འཚོ་བའི་འགན་སྲུང་གི་ཚད་གཞི་དང་དབུལ་སྐྱོར་ཚད་གཞི་རིམ་བཞིན་ཇེ་མཐོར་བཏང་སྟེ་ཉིས་སྟོང་བཅུ་དགུ་ལོའི་བར་དུ་ཞིང་ཆེན་ཡོངས་ཀྱི་ཞིང་སྡེ་ཡི་མ་མཐའི་འཚོ་བའི་འགན་སྲུང་གི་ཚད་གཞི་དེ་སྒོར་སྟོང་བཞིའི་ཡན་ལ་སླེབ་ཏུ་བཅུག་ནས། ངལ་རྩོལ་ནུས་པ་མེད་པ་དང་ཐོན་ལས་རོགས་སྐྱོར་ལ་བརྟེན་ཐབས་མེད་པ། ལས་ཞུགས་རོགས་སྐྱོར་དབུལ་ཐར་བྱེད་པའི་དཀའ་ཁག་ཆེ་བའི་མི་གྲངས་དང་དབང་བོ་སྐྱོན་ཅན་བཅས་ལ་མ་མཐའི་འཚོ་བ་འགན་སྲུང་བྱེད་པའི་སྲིད་ཇུས་ལག་བསྟར་བྱེད་རྒྱུ་འགན་སྲུང་བྱས།
&nbs