མཚོ་སྔོན་ཞིང་ཆེན་གྱི་དགེ་རྒན་སྟོང་བརྒྱད་བདུན་བརྒྱ་ལྷག་གིས་ཆ་འཕྲིན་ལག་རྩལ་ནུས་པ་མཐོར་འདེགས་བྱེད་པའི་གསོ་སྦྱོང་དང་ལེན་བྱས།
2016.04.10 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 1

 ཀྲུང་གོའི་དགེ་རྒན་ཟབ་སྦྱོང་དྲ་བས་མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན་དང་རྒྱལ་ཁབ་གསོ་སྦྱོང་ལས་གཞི་གཞུང་སྒྲུབ་ཁང་གཉིས་ཀྱིས་གཅིག་གྱུར་རྩ་འཛུགས་འོག ཉེ་ལམ་ཞོན་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་དང་དཔའ་ལུང་ཧོས་རིགས་རང་སྐྱོང་རྫོང་། མིན་ཧི་ཧོར་རིགས་རང་སྐྱོང་རྫོང་བཅས་ནས་འཕྲོ་རིམ་འཕྲོར་རྒྱལ་ཁབ་ཀྱི2015ལོའི་གསོ་སྦྱོང་འཆར་གཞི་སྟེ་མཚོ་སྔོན་ཞིང་ཆེན་གྱི་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་གྱི་ཆ་འཕྲིན་ལག་རྩལ་ནུས་པ་མཐོར་འདེགས་བྱེད་པའི་གསོ་སྦྱོང་ལས་གཞིའི་སློབ་ཁྲིད་མཛུབ་སྟོན་བྱ་འགུལ་སྤེལ།

རྒྱུས་ལོན་བྱུང་བ་ལྟར་ན། 2014ལོར་རྒྱལ་ཁབ་སློབ་གསོ་པུའུ་ཡིས་སྟོབས་ཤུགས་ཡོད་རྒུས་རྒྱལ་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་ཆ་འཕྲིན་ལག་རྩལ་བཀོལ་སྤྱོད་ནུས་པ་མཐོར་འདེགས་བྱེད་པའི་བཟོ་སྐྲུན་སྤེལ་བ་དང། དེའི་ལས་འགན་དམིགས་འབེན་ནི2017ལོའི་ལོ་མཇུག་བར་དུ་རྒྱལ་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་དང་བྱིས་གཉོར་ཁང་གི་དགེ་རྒན་བྱེ་བ་གཅིག་ལྷག་གི་སྐོར་ཐེངས་གསར་བའི་མཐོར་འདེགས་གསོ་སྦྱོང་ལས་འགན་ཡོངས་འགྲུབ་བྱས་ནས། དགེ་རྒན་གྱི་ཆ་འཕྲིན་ལག་རྩལ་བཀོལ་སྤྱོད་ནུས་པ་དང་བསླབ་ཚན་སློབ་ཁྲིད་ནུས་པ། ཆེད་ལས་ཀྱི་རང་བདག་འཕེལ་རྒྱས་ནུས་པ་མཐོར་འདེགས་བྱེད་རྒྱུ་དེ་རེད། 2015ལོར་ཀྲུང་གོའ