མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་དང་པོས་སྙན་ངག་གྱེར་འདོན་གྱི་འགྲན་བསྡུར་སྤེལ།
2016.04.11 ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས། 2

13-041512-44.jpg

སྙན་ངག་གྱེར་འདོན་བྱེད་པའི་ཉམས་འགྱུར།
 

སྤྱི་ཟླ4ཚེས5ཉིན། མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་དང་པོའི་མཐོ་གཅིག་ལོ་རིམ་ཁག་གིས་གཙོ་སྒྲུབ་བྱས་པའི་གངས་ཀྱི་གདངས་དབྱངས་ཞེས་པའི་སྙན་ངག་གྱེར་འདོན་གྱི་འགྲན་བསྡུར་སྤེལ།

ཐེངས་འདིའི་འགྲན་བསྡུར་ལ་རྐྱང་འདོན་དང་མཉམ་འདོན་གྱི་རྣམ་པས་གྲུབ་པ་དང་། གྱེར་བྱའི་སྙན་ངག་ནི་འགྲན་ཞུགས་སློབ་གྲོགས་རྣམས་ཀྱིས་རང་གི་བློ་གྲོས་ཀྱི་རྩལ་ལས་ཐོན་པའི་རང་རྩོམ་དང་། དེང་རབས་བོད་ཀྱི་རྩོམ་པ་པོ་གྲགས་ཅན་འབྲོང་དང་། གཅན་མེ་སྟག་སོགས་ཀྱི་རྩོམ་གནང་མཛད་པའི་ཕུལ་བྱུང་སྙན་རྩོམ་དག་ཡིན་ལ། སློབ་གྲོགས20ལྷག་འགྲན་བསྡུར་ལ་ཞུགས།

འགྲན་ཞུགས་སློབ་གྲོགས་རྣམས་ཀྱིས་གཟའ་འཁོར་གཅིག་ལྷག་གི་སྟ་གོན་བྱས་པར་བརྒྱུད། ཡིད་ཀྱི་མཚོ་མོ་སྐྱོམ་པར་བྱེད་པའི་བརྩེ་དུང་གི་ཉམས་འགྱུར་དང་དབྱངས་ཅན་མགྲིན་པར་འཁྱུད་པ་ལྟ་བུའི་གདང་དབྱངས་ཀྱི་འགྱུར་ཁུགས། བརྣག་ཐོག་ཁབ་ཀྱིས་བཙག་པ་ལྟ་བུའི་ན་ཟུག་གི་ཚོར་