ཆོས་དབྱིངས་སྐྱིད་ཀྱིས་ཉིས་སྟོང་བཅུ་དྲུག་ལོའི་རྒྱལ་སྤྱིའི་མཆོང་རྒྱུག་མཉམ་འབྲེལ་འདུར་རྒྱུག་འགྲན་སྡུར་གྱི་ཕུའུ་ཐའོ་ཡ་འགྲན་ཁུལ་ཁྲོད་བྱ་དགའ་ཨང་དང་པོ་བླངས།
2016.04.11 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 1

1052308_992228[1].jpg

བོད་རིགས་བུད་མེད་ལུས་རྩལ་པ་ཆོས་དབྱིངས་སྐྱིད་ཀྱིས་ཡང་བསྐྱར་མཚོ་སྔོན་མི་དམངས་ལ་གཟི་བརྗིད་བརྩོན་ལེན་བྱས། གསར་འགོད་པས་ཟླ་བཞི་བའི་ཚེས་བཅུ་ཉིན་མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉིས་སྟོང་བཅུ་དྲུག་ལོའི་རྒྱལ་སྤྱིའི་མཆོང་རྒྱུག་མཉམ་འབྲེལ་ལྷན་ཚོགས་ཀྱི་འདུར་རྒྱུག་འགྲན་སྡུར་གྱི་ཕུའུ་ཐའོ་ཡའི་འགྲན་ཁུལ་ཁྲོད། ཀྲུང་གོའི་ལུས་རྩལ་པ་ཆོས་དབྱིངས་སྐྱིད་ཀྱིས་སྤྱི་ལེ་ཉི་ཤུའི་བུད་མེད་འདུར་རྒྱུག་ཁྲོད་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ནས། རྒྱུག་ཡུན་དུས་ཚོད་གཅིག་དང་སྐར་མ་ཉེར་བདུན་སྐར་ཆ་ང་གཉིས་ནང་རྒྱུག་ཐག་ཡོངས་འགྲུབ་བྱས་ཏེ། མི་སྒེར་ངོས་ཀྱི་གྲུབ་འབྲས་ཆེས་བཟང་ཤོས་བླངས།

འགྲན་སྡུར་དངོས་ཀྱི་ཁྲོད་དུ། ཆོས་དབྱིངས་སྐྱིད་དང་མོའི་ཆེས་བཟང་བོའི་འགྲན་ཡ་དབྱི་ཏ་ལིའི་འགྲན་ཞུགས་པ་གྲགས་ཅན་ཀི་ཨོ་ཨར་ཅི་གཉིས་དུས་ཡུན་གང་འཚམ་རིང་ཕན་ཚུན་རྟིང་ཐག་མ་ཆོད་པར་ཡུན་རིང་ལུས། འགྲན་སྡུར་གྱི་ཕྱེད་ཕྱི་མར་ཆོས་དབྱིངས་སྐྱིད