མཚོ་སྔོན་ཞིང་ཆེན་གྱི་གནོད་འགོག་གནོད་སྐྱོབ་དྲིལ་སྒྲོག་གཟའ་འཁོར་བྱ་འགུལ་སྤེལ་མགོ་བརྩམས།
2016.04.11 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 1

གནོད་འགོག་གནོད་སྐྱོབ་ཐད་ཀྱི་ཤེས་བྱ་ཁྱབ་གདལ་དུ་བཏང་ནས། གནོད་འགོག་གནོད་སྐྱོབ་ནུས་པ་མཐོར་འདེགས་བྱེད་པ་བརྗོད་དོན་དུ་བྱས་པའི་མཚོ་སྔོན་ཞིང་ཆེན་གྱི་གནོད་འགོག་གནོད་སྐྱོབ་དྲིལ་སྒྲོག་གཟའ་འཁོར་ཐེངས་དང་པོ་ཟླ་བཞི་བའི་ཚེས་བཅུ་གཅིག་ཉིན་སྤེལ་མགོ་བརྩམས་པ་དང་། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དང་མིན་ཡོན་་རྫོང་དང་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་བཅས་སུ་བཙུགས་པའི་ཚོགས་ར་གཙོ་བོ་གསུམ་གྱི་བྱ་འགུལ་ཡང་དུས་མཉམ་དུ་སྤེལ་མགོ་བརྩམས།

གསར་འགོད་པས་མཚོ་སྔོན་ཞིང་ཆེན་ས་འགུལ་ཅུའུ་ནས་དེའི་སྔོན་དུ་བསྡུས་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་བྱ་འགུལ་དེ2015ལོའི་ཟླ་བཅུ་གཉིས་པའི་ཚེས་གཅིག་ཉིན་ལག་བསྟར་བྱས་པའི་མཚོ་སྔོན་ཞིང་ཆེན་གྱི་གནོད་འགོག་གནོད་སྐྱོབ་ཀྱི་སྲོལ་ཡིག་གཞིར་བཟུང་ནས། ལོ་རེའི་ཟླ་བཞི་བའི་ཚེས་བཅུ་བཞི་ཉིན་ལ་འཁེལ་བའི་གཟའ་འཁོར་དེ་ཞིང་ཆེན་ཡོངས་ཀྱི་གནོད་འགོག་གནོད་སྐྱོབ་དྲིལ་སྒྲོག་གཟའ་འཁོར་དུ་གཏན་ཁེལ་བྱས་པ་དང་། ཐེངས་དང་པོའི་གནོད་འགོག་གནོད་སྐྱོབ་གཟའ་འཁོར་གྱི་དུས་ཚོད་དེ2016ལོའི་ཟླ་བཞི་བའི་ཚེས་བཅུ་གཅིག་ཉིན་ནས་ཟླ་བཞི་བའི་ཚེས་བཅོ་ལྔ་ཉིན་བར་གཏན་ཁེལ་བྱས།

རྒྱུས་ལོན་བྱུང་བ་ལྟར་ན། ད