མིན་ཡོན་རྫོང་གིས་དཔྱིད་འདེབས་ཐོན་སྐྱེད་གོ་རིམ་ལྡན་པའི་ངང་སྤེལ།
2016.04.11 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 1

སྣེ་ཁྲིད་གསུམ་དང་སྐུལ་འདེད་གསུམ་གྱི་བྱ་འགུལ་སྤེལ་བའི་ཚུན་ལ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མིན་ཡོན་རྫོང་གིས་ནུས་ལྡན་བྱེད་ཐབས་སྤྱད་དེ། མ་དངུལ་བསྡུ་གསོག་དང་ཞིང་བཀོལ་དངོས་རྫས་སྐོང་འཐེན། ཞིང་བའི་ཚན་རྩལ་གསོ་སྦྱོང་བཅས་བྱེད་པར་ཤུགས་བསྣན་ནས། དཔྱིད་འདེབས་ཐོན་སྐྱེད་བྱ་བ་ཁྱོན་ཡོངས་ནས་གཙིགས་འཛིན་བྱས་ཏེ། མིན་ཡོན་རྫོང་གི་དཔྱིད་འདེབས་ཐོན་སྐྱེད་བདེ་བླག་ངང་སྤེལ་བར་ཁག་ཐེག་བྱས།

ཤེས་པ་ལྟར་ན། མིན་ཡོན་རྫོང་གིས་ད་ལོར་དཔྱིད་འདེབས་ཐོན་སྐྱེད་ཀྱི་དངུལ་བུན་སྒོར་དུང་ཕྱུར་གཉིས་དང་བྱེ་བ་ལྔ་གཏོང་རྩིས་ཡོད་ལ། ཞིང་བའི་ཁྱིམ་ཚང་གི་དཔྱིད་འདེབས་ཐོན་སྐྱེད་ཐད་ལ་མཁོ་བའི་རྫས་འགྱུར་ལུད་དང་ས་བོན། ཞིང་སྨན། ཞིང་ལས་འཕྲུལ་ཆས་བཅས་ཀྱི་མ་དངུལ་ཐག་གཅོད་བྱེད་རྒྱུ་རེད། ད་ལྟའི་བར་དུ་དཔྱིད་འདེབས་ཐོན་སྐྱེད་ཀྱི་དངུལ་བུན་བྱེ་བ་བདུན་དང་ས་ཡ་དགུ་འབུམ་བདུན་ཁྲི་ལྔ་བཏང་སྟེ། ཞང་བཅུ་དང་སྡེ་བ་ཞེ་གཉིས་ཀྱི་ཁྱིམ་ཚང་སྟོང་བརྒྱད་དང་ལྔ་བཅུ་ལྷག་ལ་དངུལ་བུན་སྒོར་མོ་ཐོབ། ཞང་གྲོང་གཞན་པའི་དངུལ་བུན་གཏོང་བའི་བྱ་བ་རིམ་བཞིན་སྒྲུབ་བཞིན་ཡོད། སྤྱོད་སྒོ་ཆེ་བའི་ལག་རྩལ་དང་ཡུལ་དངོས་སུ་མཛུབ་སྟོན་བྱེད་པ་གཙོ་ཡིན་པའི་དགུན་ཁའི་ཚན་རྩལ་གསོ་སྦྱོང་བྱ་འགུལ་དང་ཚན་རྩལ་ཁྱབ་གདལ་ཤེས